| e-texts navigator |
| Wylie |
174b1 དཀྱིལ་འཁོར་ཡང་བཅོམ་ལྡན་འདས་ཇི་འདྲ་བ་དེ་འདྲ་བར་མ་གྱུར་ང་ལགས་སོ།། བཅོམ་ལྡན་འདས་བདག་ཀྱི་ཞུ་བ་བསྐནད་པ་འདི་ལན་སྩལ་ཏུ་གསོལང་།། བྱང་ཆུབ་སེམས་དཔའ་གཞན་དག་ཀྱིས་ཟོས་ན་ཡང་དབུགས་ཕྱི་རང་པར
174b2 འགྱུར་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ཡང་དག་པར་གཟེངས་པ་སྟོནད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེང་གེའི་རྒྱལ་པོ་བཀོད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས
174b3 ཀྱི་བུ་ཉོ་ནད་ཅིག་དང་། དྲིས་པ་ལ་ནད་གདབ་པ། དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ངས་སྔོན་སོ་སོའི་སྐྱེ་བའི་དུས་ན།། ཀུ་ན་ཏུ་བསྟེནད་ཅིང་བསྒོམས་ཏེ།། ལན་མང་དུ་བྱས་པ་དེ་བསྟནད་པར་བྱའོ།།
174b4 རིགས་ཀྱི་བུ་འདས་པའི་དུས་ན་སྤོན་བྱུང་བ། དེ་བཞིན་གཤེགས་པ་ད་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། སྣང་བ་བསམདས་ཀྱི་ཁྱབ་པ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱ
174b5 སྟོན་དོ།། དེའི་དུས་ན་དྲག་ཤུལ་ཅན་གྱིས་བྱིན་ཞེས་བྱ་བའི་ཁྱིམ་པར།། ག་གཅིག་ཤི་ནང་ཏུ་མ་དད་ཅིང་། ཡིད་དུ་མྱི་འོང་བའི་ཆོས་ལྔ་དང་ལྡན་ལ། ཆོས་འདུལ་བ་ལ་རྒྱབ་ཀྱིས་ཕྱོགས་སོ།། དགེ་སློང་རྣམ་པར
174b6 རྒྱལ་བ་འབྱུང་ཞེས་བྱ་བ་ཞིག་ཁྱིམ་བདག་དེ་ལ་སྙིང་བརྩེ་བའི་ཕྱིར། ཡང་དང་ཡང་དུ་རྒྱུ་ན་མྱི་འཆད་པར། ཁྱིམ་བདག་དེའི་ཁྱིམ་དུ་འགྲོ་འོ།། རེ་ཤི་ཀ་ན་དུས་ཀྱི་མཐུས། ཁྱིམ་བདག་དེ་དགེ་སློང་དེ་ལ
174b7 རྗེས་སུ་ཆགས་པ་དང་བཅས་པའི་སེམས་སུ་མྱུ་རང་ནས།། རེ་ཤིག་མ་ཁྱིམ་བདག་དེས་ལེགས་པར་བྱ་བའི་ལས་ཀྱི་འབྲས་བུ་དྲིས་སོ།། དེ་ནས་དགེ་སློང་དེས་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་དང་། སྐྱེ་བོ་མང་པོ་ལ་བདེ
174b8 བའི་ཕྱིར་དང་། འཇིག་རྟེན་ལ་སྙིང་རྩེ་བའི་ཕྱིར་དང་། ལྔ་དང་ཀྱི་རྣམས་ཀྱི་སྐྱེ་བོ་བལ་ཟ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར།། ཁྱིམ་བདག་དེས་དཀྱིས་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་ནམ་གྲངས་སྟོནོད་ཏེ། ཁྱིམ
174b9 བདག་དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། བདེ་བ་ཐམས་ཅད་སྦྱིན་པར་བྱེད་པའོ།། དེས་འཁོར་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་ཏེ།། གང་དང་གང་དུ་སྐྱེས་པར་ཆོས་དང་ལྡན་པའི་སེམས་ཅན