| e-texts navigator |
| Wylie |
174a1 སེམས་དཔའ་བརྒྱད་ཀྱི་སྙིང་པོ་དེ་བཞིན་གཤེགས་པ་དང་ལྡན་པ་འདི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། གང་ལ་ལ་ཞིག་ཀྱིས་དཀྱིལ་འཁོར་གི་མདུན་དུ། ལན་ཅིག་བརྗོད་ད་དེའི་དོན་ཐམས་ཅད་གྲུབ་པམ་འགྱུར་ཏེ།
174a2 མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིསདེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡིད་རངས་ཏེ།
174a3 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོན་དོ།། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། རྫོགས་སྷོ།། །
174a4 །། རྒྱ་གར་སྐད་དུ། ཨརྱ་ཨ་ཤྭ་མན་ཌ་ལ་ནཱ་མ་དྷ་མ་པ་རྱ་ཡ་མ་ཧཱ་ཡཱ་ན་ཨུ་ཏྲ།། བོད་སྐད་དུ། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐེག་པ་ཆེན་པོའི་མདོར།། སངས་རྒྱས་དང་།
174a5 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་མཉན། ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ།། མགོན་མྱེད་ཟས་སྦྱིན་གྱི་ཀུན
174a6 དགའ་ར་བ་ན། དགེ་སློང་གྱི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམ་ས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ལྷ་དང་ཀླུང་དང་། གནོད་སྦྱིནད་དང་། དྲི་དང་། ལྷ་མ་ཡིན་དང་། ནམ་མཁའ
174a7 ལྡིང་དང་། སྔོ་འཕེ་ཆེན་པོ་དང་། མྱི་དང་མྱི་མ་ཡིན་པ་དུ་མས་ཡོངས་སུ་བསྐོར་ཏེ་བདུན་གྱིས་བལྟས་ནས་ཆོས་སྟོད་ཏོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སེང་གེའི་རྒྱལ་པོ་ཀོད་པ་ཞེས་བྱ་བ་ཞིག་འཁོར་འདུས་པ་དེར་འདུས་པར
174a8 གྱུར་ད་ནས་འདུག་པ་དེས།། འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་མཐོང་ནས། ལྟད་མོར་གྱུར་ཏེ། དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།། པུས་མོ་གཡས་པའི་ལྷ་ང་ས་ལ་གཅུགས་ནས། བཅོམ
174a9 ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བདུད་ཏེ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་བདག་གྱིས་སངས་རྒྱས་བྱུང་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ཞིག་འདས་ན། གང་གི་འཁོར་གི