| e-texts navigator |
| Wylie |
173b1 xxx
173b2 ཕྱོགས་འགའ་ནིག་ནུའོ།། དེ་སྐད་ཅེས་གསོ་ཡོང་པ་དང་།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིམ་ཆེན་སྙིང་པོ་ཟླ་བ་སྣང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིན་ཅེན་སྙིང་པོ་ཟླ་བ་སྣང་བ
173b3 ཁྱེད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་།། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས། ཁྱོད་ཀྱིས་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཅེན་སྙིང་པོ་ཟླ་བ
173b4 སྣང་བས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་དོ།། ཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དཀྱིལ་འཁོར་བརྒྱད་པ་བགྱིད་པར་འཚལ་ན།། དེས་ཇི་ལྟར་བགྱི།། བཅོམ
173b5 ལྡན་འདས་ཀྱིས་བཀའ་སྩལ་པ།། རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཤི་ནད་ཏུ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། དུས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་མཚུངས་པ་མྱེད་པའི་ཡེ་ཤེས
173b6 བསྒྲུབ་པའི་ཕྱིར།། རིགས་ཀྱི་བུ་ཁྱོད་སྤོབས་པ་སྐྱེས་པ་ནི་བཟང་སྟེ། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་དེའི་ཕྱིར་སྙིང་པོ་གང་བརྗོད་པ་ཙམ་གྱིས་མཚམས་མྱེད་པ་ལྔ་དབྱང་ཞིང་དངོས་པོ་གྲུབ་ཐམས་ཅད་ཀྱང་ཐོབ
173b7 པར་འགྱུར་བ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྙིང་པོ་ཉོན་ཅིག། ཨོཾ་མ་ཧུ་འུམ་མ་ཧཱ་བྷི་ར་སྭ་ཧཱ།། སྙིང་པོ་འདིས་ནི་དབུས་ཀྱི་བཅོམ་ལྡན་འདས་མཆོད་དོ།། ཨོཾ་མ་ཧཱི་ཧུ་འུམ་པད་མ་པྲི་ཡ་སྭཱ་ཧཱ།། འཕགས་པ་སྤྱན་རས་གཟིགས
173b8 དབང་ཕྱུག་གི་སྙིང་པོའོ།། ཨོ་མ་མེ། ཧཱ་རཱ་ཎ་སྭ་པ། བྱམས་པའི་སྙིང་པོའོ།། ཨོཾ་ཨཱ་ག་ཛཱ་ཡ་སྭ་ཧཱ།། ནམ་མཁའ་སྙིང་པོའི་སྙིང་པོའོ།། ཨོ་མ་སཱ་དཱི་ཛ་ཡ་ས་ཧཱ།། ཀུན་ཏུ་བཟང་པོའི་སྙིང་པོའོ།། ཨོཾ་མ་ཀུ་རུ་རྦ་ན་ར་དྷ་སྭ་ཧཱ། ལག་མ།
173b9 རྡོ་རྗེའི་སྙིང་པོའོ།། ཨོཾ་མ་ཤཱི་ཨཱང་རང་ཀ་སྭ་ཧ།། འཇམ་དཔལ་གཞོན་ནུས་གྱུ་རད་པའི་སྙིང་པོའོ།། སྣརོ་ན་ས་རམ་ལ་ཡཱ་ཏ། སྤྲོབ་ཐམས་ཅད་རྣམ་པར་སེལ་པའི་སྙིང་པོའོ།། ཨོཾ་མ་ཀཱི་ཏི། ཧཱ་རཱ་ཛ་ས་ཧཱ།། སའི་སྙིང་པོའི་སྙིང་པོའོ།། བྱང་ཆུབ