e-texts navigator
Collection
Volume
Page
Wylie

170a1 དེའི་ཚེ། ཚེ་དང་ལྡན་པ་ཤ་རིའི་བུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ད་ཏེ་འདུག་གོ།། དེ་ནས་དེའི་མོད་ལ་སྟོང་སུ་ཀྱི་ཞེ་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་ཡང་།། རྣམ་པ་དྲུག་དུ་གཡོས།། མ་གྲོལ་བར་བར་སྣང་ལས་སིལ།
170a2 སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྱི་སྒྲ་དག་ཀྱང་བྱུང་། ལྷའི་མེ་ཏོག་མན་ད་ར་བ་དང་། མན་ད་ར་བ་ཆེན་པོ་དང་། མན་འཛུ་ཤ་ཀ་དང་། མན་འཛུན་ཤ་ཀ་ཆེན་པོའི་མེ་ཏོག་གྱི་ཆར་ཡང་བབ་སྟེ།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ
170a3 མགོན་མྱེད་ཟས་སྤྱིང་གི་ཀུ་ནང་དགའ་ར་བ་རིན་པོ་ཆེའི་མེ་ཏོག་གིས་ཆལ་པར་གང་བར་གྱུར་ཏོ།། དེ་ནས་དེའི་མོད་ལ་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གི་སྟོང་ཆེན་པོ་ཆེརན་པོའི་འཇིག་འདྲེན་གྱི་ཁམས་འདི་གསེར་གི
170a4 ཁ་དོག་གི་སྣང་བ་ཆེན་པོས་ཁྱབ་པར་གྱུར་།། དེ་ནས་དེའི་མདོའ་ལ།། ཤར་ཕྱོགས་ནས་པད་མ་སྡོང་པོ་ནི་གསེར། མདབ་མ་ནི་དངུལ་ཟེའུ་འབྲུ་ནི་བྱེད་དུ་རྱ།། སྙིང་པོ་ནི་རྡོའི་སྙིང་པོ་ལས་གྲུབ་པ་བརྐྱང
170a5 གཅིག་བྱུང་བར་གྱུརང་ཏེ།། པད་མའི་སྙིང་པོ་ཐམས་ཅད་ཀྱི་སྟེང་།། ན།། སེང་གེའི་ཁྲི་གྲུབ་བཞི་པ་རྩ་བཞི་ཟུག་པ། བཀྲའ་བ་བལྟ་ན་སྟུ། ག་པ་དྲི་དང་ལྡན་པ་ཡིད་དུ་འོང་བ།། དར་གྱི་ལྡང་ལྡིང་སྦྱངས་པ
170a6 པོག་པོར་ནས་སྤོས་དྲིས་ཤི་ནང་ཏུ་གདུགས་པ།། རིན་པོ་ཆེ་སྣ་ཚེ་གས་དུ་མ་དག་གྱིས་ལེགས་པར་བརྒྱ་ནད་པ།། དྲིལ་བུ་གཡེར་ཀའི་དྲ་བ་དུ་མ་འཁྲོལ་བ།། རིན་པོ་ཆེ་དུ་མའི་བླ་རེ་བྲེས་པ་དག་བྱུང་བར
170a7 གྱུར་ཏོ།། སེང་གེའི་ཁྲི་ཐམས་ཅད་ཀྱི་སྟེང་ན། དེ་བཞིན་གཤེགས་པའི་སྐུ་དག་བཞུགས་པར་ཡང་སྣང་སྟེ།། མཛེས་པ་བལྟ་ན་སྡུག་པ་དབང་པོ་ཞི་བ་ཐུགས་ཞི་བ། དུལ་བ་དང་། ཞི་གནས་མཆོག་བརྙེས་པ་དུལ
170a8 བ་དང་། ཤི་ཀ་ནས་དམ་པ་བརྙེས་པ། དབང་པོ་བསྲུངས་ཤིང་ཐུལ་པ། གླང་པོ་ཤི་ནང་ཏུ་དུལ་བ་ལྟ་བུ་མཚོ་ལྟར་དང་ཞིང་རྙོག་པ་མྱེད་ལ་གསལ་བ།། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་དག་གྱིས་སྐུ་ལེགས
170a9 བར་བརྒྱ་དད་པ་གསེར་གི་ཁ་དོག་ལྟ་བུའི་སྐུས།། ཉི་མ་དང་ཟླ་བའི་གཟི་བརྗིད་ཟིལ་ཀྱིས་མནན་ཏེ་བཞུགས་པ། སྤྱོད་ལམ་བརྒྱ་སྟོང་དུ་མ་དང་ལྡན་པ། སྐུ་མདོག་ལྟ་བ་ཆོ་ག་མྱི་ཤེས་པ་དག་སྣང་ངོ་།། དེ་ནས་སངས




iiif viewer powered by OpenSeadragon

169b - 170b

Texts on this page

Ng8.8 - 'phags pa sangs rgyas brgyad pa zhes bya ba theg pa chen po'i mdo