e-texts navigator
Collection
Volume
Page
Wylie

169b1 བྱ་བའི་གཟུངས་ནི་འདས་པ་འཐོབ་པར་འགྱུར།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པ་དང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་ཐམས་ཅད་དགའ་བས་ནི་གཟུངས
169b2 ཐོབ་པར་འགྱུར་ཏོ།། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་ནི་ཕྱིར་མྱི་ལྡོག་པ་ལ་གནས་པས་གནས་པར་གྱུར་ཏོ།། ལྷ་དང་ཀྱི་ཁྲི་ཕྲག་དཔག་ཏུ་མྱེད་པས་ནི་བླ་ན་མྱེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བཅོམ་ལྡན
169b3 འདས་དགྱེས་ཤིང་།། དེ་སྐད་ཅེས་བཀའ་སྩལ་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཅན་མེ་ཏོག་རྒྱས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་ཐམས་ཅད་དགའ་བ་དང་བྱང
169b4 ཆུབ་སེམས་དཔའ་དང་དགེ་སློང་དེ་དག་དང་། ལྷ་དང་མྱི་དང་ལྷ་མ་ཡ་ན་དང་།། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དཀའ་འོ།། སངས་རྒྱས་བཅུ་པ་ཞེས
169b5 བྱ་བ་ཐེག་པ་ཆེན་པོའི་མདོའོ།། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱཤྨ་བུད་དྷ་ཀ་ན་མ་མཱ་ཧ་ཡ་ན་སུ་ཏྲ།། བོད་སྐད་དུ། འཕགས་པ་སངས་རྒྱས་བརྒྱད
169b6 པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།། བཅོམ་ལྡན་འདས་པ་ཉན་ཡོད་ན།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ
169b7 འགོན་མྱེད་ཟས་སྦྱིན་གྱི་ཀུ་ནང་དགའ་ར་བ་ན།། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གྱི་དགེ་འདུན་ཆེན་པོ་དང་། ཟབས་གཅིག་ཏུ་གཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཉོན་མོངས་པ་མྱེད་པ་དབང་དང་ལྡན་པར་གྱུར
169b8 པ།། སེམས་ཤི་ནང་ཏུ་རྣམ་པར་གྲོལ་བ།། ཤེས་རབ་ཤི་ནང་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ་གླང་པོ་ཆེན་པོ་བྱ་བ་བྱས་པ་བྱེད་པ་བྱས་པ་ཁུར་བོར་བ།། བདག་གྱི་དོན་རྗེས་སུ་ཐོབ་པ་སྲིད་པར་ཀུ་ནད་ཏུ་སྦྱོར་བ་ཡོངས་སུ་ཟད་པ།།
169b9 ཡང་དག་པའི་ཤེས་པས་སེམས་ཤི་ནང་ཏུ་རྣམ་པར་གྲོལ་བ།། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོནོད་པ་ཤག་སྟག་སྟེ།། གང་ཟག་ཅིག་མ་རྟོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུནད་དགའ་བ་པོ།། །




iiif viewer powered by OpenSeadragon

169a - 170a

Texts on this page

Ng8.7 - sangs rgyas bcu pa zhes bya ba theg pa chen po'i mdo
Ng8.8 - 'phags pa sangs rgyas brgyad pa zhes bya ba theg pa chen po'i mdo