| e-texts navigator |
| Wylie |
41a1 བཅོམ་ལྡན་འདས་ཕྱོགས་བཅུར་རྔམ་པར་གཟིགས་མ་ཐག་ཏུ་དེ་ནས་དེའི་ཡོད་ལ། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདིའི་ས་གཞི་ཆེན་པོ་རྔམ་པ་དྲུག་དུ་རབ་ཏུ་གཡོས་པར་གྱུར་ད་ཅིང་།
41a2 ཝཱ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་དཀའ་བ་དང་། མགུ་བ་དང་། ཡིད་རངས་པ་དང་། སྤྲོ་བ་དང་། དཀའ་བ་དང་།
41a3 ཡིད་བདེ་བ་སྐྱེས་ནས། ཅི་ནས་ཀྱང་ཕྱི་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་ནུབ་པར་མྱི་འགྱུར་བར་བྱིན་གྱིས་རླབས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་དགའ་བ་རྣམས
41a4 དང་། ཉན་ཐོས་ཀྱི་དགེ་འདུན་ལ་ལྷའི་མཆོད་པ་རག་བྱས་ཤིང་། སྟེང་གི་བར་སྣང་ལས་མྱེ་ཏོག་གི་ཆར་དག་ཀྱང་རབ་ཏུ་ཕབ། ལྷའི་སིལ་སྙུན་དང་། ཀླུ་དབྱངས་དག་ཀྱང་རབ་ཏུ་བསིལ་ཅིང་བླངས་སོ།།
41a5 དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྡན་པའི་འཁོར། དེ་ལ་འདི་སྐད་ཅེས། ང་དང་འཇམ་དཔལ་གཞོན་ནུར་གྱུར་པས།། ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་རླབས་སོ་ཞེས་གོ་བར་ཡང
41a6 མཛད་དོ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དགའ་བ་དང་། མགུ་བ་དང་། ཡིད་རངས་པ་དང་། རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས།
41a7 བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པ་བྱས་ཏེ་རང་རང་གི་གནས་སུ་དོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཚེ་དང་ལྡན
41a8 བ་ཀུན་དགའ་བོ་དང་ཐམས་ཅད་དང་ལྡན་པོའི་འཁོར་དེ་ཡིད་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོནང་ཏོ།། འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི
41a9 མདོ། རྫོགས་སྒོ།། རྒྱ་གར་ག་མཁན་པོ་ཕྲད་ཉ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བར་ངེ་ཡེ་ཤེས་སྡེ་ལས་སྩོགས་པས་བསྒྱུར་ད་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །