| e-texts navigator |
| Wylie |
40b1 འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དཀའ་བོ་ལ་བཀའ་སྩལ་པ།། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཐོབ་པ་དེ་ནི། སངས་རྒྱས་འབྱུང་བ་དང་འདྲ་བ་ཡིན་གྱི། ཀུན་དགའ་བོ་ཁྱོད་ཀྱིས
40b2 ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག། གཞན་དག་ལ་ཡང་རྒྱ་ཆེར་སྟོན་ཅིང་། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མྱིང་ཅི་ཞེས་བགྱི།། འདི་ཇི་ལྟར་གཟུང་བར་བགྱི། འདི་མྱིང་ཇི
40b3 སྐད་བསྟནང་པར་བགྱི་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ཞེས་བྱ་བ་དང་།། འཇམ་དཔལ་གྱིས་བསྟན་པ་ཆོས
40b4 ཐམས་ཅད་རྣམ་པར་གཏན་ལ་དབབ་པ་བསྟ་དང་པ་ཞེས་བྱ་བ་ཡང་ཟུང་ཞིག་པ་དེ་ནས་འཁོར་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདིའི་མྱིང་ཐོས་ནས་ཐལ་མོ་སྦྱར་ང་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས
40b5 གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་འཇམ་དང་ལ་གཞོན་ནུར་གྱུར་པས་ཆོས་བསྟནད་པ་མང་དུ་ཐོས་པ་ལགས་ན། ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་རྣམ་པར་ཕྱེ
40b6 སྟེ་རྒྱ་ཆེར་བསྟནད་པ་དང་། དེ་ལྟ་བུའི་ཆོས་ནི་ནམ་ཡང་མ་བྱུང་བ་ལ་གས་སོ།། བདག་ཅག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་ལ་དགའ་བ་འདི་ལྟ་བུ་ཐོབ་པ་ནི་སྔོན་མ་མྱོང་ལགས་ཏེ། དེ་ལྟ་ལགས་པས
40b7 བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། སྐྱེ་བོ་མང་པོ་ལ་སྨན་པ་དང་མ་འོངས་པའི་སྐྱེ་བོ་རྣམས་ཀྱི་སླད་དུ། ཆོས་ཀྱི་རྣམ་གྲངས་འདི་ཅི་ནས་སངས་རྒྱས་ཀྱི་མཛད་པ་བགྱིས་པར་འགྱུར་བ་དང་།
40b8 སེམས་ཅན་མོས་པ་ཐ་དད་པ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། མོས་པ་ཅི་ལྟ་བ་བཞིན་དུ་ཐེག་པ་ཐ་དད་བས་ངེས་པར་འབྱུང་བར་འགྱུར་བ་དེ་དག་བདེ་འགྲོ་མཆིས་པར་བགྱི་བར། བཅོམ་ལྡན་འདས་ཀྱིས།།
40b9 ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བྱིན་གྱིས་རླབ་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་གིས།། གསོལ་བ་གཏབ་པར་ཐུགས་སུ་ཆུད་ནས། ཕྱོགས་བཅུར་རྣམ་པར་གཟིགས་སོ།།