| e-texts navigator |
| Wylie |
40a1 པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ།། བྱམས་པ་ནན་གྱིས་དཔེར་མ། ལྷ་དང་མྱི་རྣམས་ཀྱི་སྐྱེ་དགུ་ལས་ལྔ་འམ། མྱི་གང་ཞིག་གིས
40a2 སངས་རྒྱས་བཅོམ་ལྡན་འདས་འཁོར་གང་གའི་ཀླུང་གི་བྱེ་མ་དང་བཅས་པ་གང་ཀའི་ཀླུང་གི་བྱེ་མ་སྙེད་གཅིག་ལ་བསྐལ་པ་གང་ཀའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ
40a3 དེ་གྱུར་པ་དེ་བས་ནི། གང་གིས་མདོ་སྡེ་ལེགས་པར་གསུངས་པ། འདི་ཡི་གེར་བྲིས་ཏེ་འཛིནད་པ་དང་། ཀློག་པ་དང་། དེ་བཞིན་ནི་དུ་བསྒྲུབ་པར་བྱེད་པ་དང་། གཞན་དག་ལ་སྟོནད་པར་བྱེད་པ་དེ་ཆེས་བསོད་ནམས
40a4 མང་དུ་བསྐྱེད་པར་འགྱུར་ཏེ།། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རིང་པོ་མྱ་ཐོགས་པར་བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བར་འགྱུར་རོ།། བྱམས་པ་ང་ནི་གང་དག་གིས་མདོ་སྡེ་འདི་ཐོས་ནས
40a5 སྤོང་བར་མྱི་བྱེད་ཅིང་། མོས་པར་བྱེད་པ་དང་། ཐ་ན་གླེགས་བམ།། དུ་འདྲི་བར་བྱེད་པ་དེ་དག་ཀྱང་མོས་པ་ཇི་ལྟ་བ་བཞིན་དུ་ཕྱིར་མྱི་ལྡོ།། ག་པ་ཉིད་དུ་ལུང་སྟོནད་ཏོ།། བྱམས་པ་ང་ནི་གང་དག་གིས
40a6 མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་ནི་མྱིང་ཙམ་དུ་ཐོབ་པ་དེ་དག་ཀྱང་འབྲས་བུ་ཡོད་པར་ལུང་སྟོནད་པར་བྱེད་ན། དེ་གང་དག་མོས་པ་དང་། ཡི་གེར་འདྲི་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་སྟོན
40a7 པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་གང་དག་མདོ་སྟེ་འདི་ཡི་གེར་འདྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་བྱེད་པ་དང་། ཀློག་པ་དང་། དེ་བཞིན་ཉིད་དུ་བསྒྲུབ་པར་བྱེད་པ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྗེས
40a8 དང་ལྷན་ཅིག་ཏུ་གཏམ་འདྲི་བ་དང་། ཕེབས་པར་སྨྲ་བར་བྱེད་པར་འགྱུར་ཏེ། དེ་དག་ནི་རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མྱི་བྲལ་བར་འགྱུར་ཞིང་།། འཇིག་རྟེན་གི་ཁམས་གཞན་དག་ན་བཞུགས་པའི
40a9 སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་དེ་དག་ལ་སྟོནང་པར་མཛད་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོནང་པར་ཡང