e-texts navigator
Collection
Volume
Page
Wylie

39b1 ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་མྱི་རྣམས་ཀྱི་སྐྱེ་དགུ་ལས་སྲོག་ཆགས་ཉི་ཁྲི་ཉི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མྱིག་རྡུལ་མྱེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། ལྷ་དང་མྱི་རྣམས་ཀྱི་སྐྱེ་དགུ་ལས་སྲོག་ཆགས
39b2 འབུམ་ཕྲག་བརྒྱད་ནི་ལེནད་པ་མྱེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མང
39b3 དགེ་སྐྱེན་དདགེ་བསྙེན་ས་ཡ་ཕྲག་གཉིས་ཀྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། འདི་ནི་གནས་པ་དང་། འཇིག་རྟེན་གི་ཁམས་གཞན་དག་ནས་འདུས་པའི་བྱང་ཆུབ་སེམས་དཔའ་ལྔ་འབུམ་གྱིས་ནི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ
39b4 པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་བསམ་པ་ཐ་དད་པ་ཉི་སྟོང་ཙམ་གྱིས་ནི་གཟུངས་སྣ་ཚོགས་སོ་སོར་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་འབུམ་གྱིས་ནི་གཟུངས་དྲི་མ་མྱེད་པ་སོ་སོར་ཐོབ་པར
39b5 གྱུར་ད་ཏོ།། དེ་དག་ལས་བྱང་ཆུབ་སེམས་དཔའ་མང་པོ་དག་བྱ། ང་ཆུབ་སེམས་དཔའ་བྱམས་པ་ཁྱོད་ཀྱིས་བྱང་ཆུབ་ཐོབ་པའི་དམ་པོའི་ཆོས་ཡོངས་སུ་འཛིནད་པར་འགྱུར་ཞིང་།། མདོ་སྡེ་ཟབ་མོ་འདི་ལྟ
39b6 བུ་དག་ནོད་པ་དང་། སྟོནད་པ་དང་། འཛིནད་པ་དང་། ཀློག་པར་ཡ་བྱེད་པ་དང་། དེ་དག་ནི་བྱམས་པ་ཁྱོད་ཀྱིས་བྱང་ཆུབ་ཏུ་ལུང་སྟོནད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ
39b7 བྱམས་པས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་མདོ་སྡེ་འདི་འཛིནད་པ་དང་། ཀློག་པ་དང་། སྟོནད་པ་དང་། ཡི་གེར་འདྲི་བ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པར
39b8 བགྱི་བའི་སླད་དུ།། གླེགས་བམ་དུ་བགྱིས་ཏེ་འཆང་བ་དང་། ཐ་མ་ལན་འགའ་ཞིག་ཉན་པར་བགྱིད་པ་དང་། རྣ་ལམ་དུ་གྲགས་པར་བགྱིད་པ་དེ་དག་བསོད་ནམས་ཅི་ཙམ་བསྐྱེད་པར་འགྱུར་ལགས།། དེ་སྐད་ཅེས་གསོལ་པ
39b9 དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱམས་པ་ཁྱོད་དེ་བཞིར་གཤེགས་པ་ལ་ངོན་འདི་ཡོངས་སུ་འདྲི་བར་སེམས་པ་རི་ལེགས་སོ།། ལེགས་སོ།། བྱམས




iiif viewer powered by OpenSeadragon

39a - 40a

Texts on this page

Ng6.1 - 'phags pa lha'i bu rab rtsal sems kyis zhus pa zhes bya ba theg pa chen po'i mdo