| e-texts navigator |
| Wylie |
204a1 དག་པར་རིག་པ་ཞེས་བྱའོ།། དོན་ཐམས་ཅད་ཡང་དག་པར་རིག་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། དེ་ཆོས་དེ་ལ་རྟོན་པ་ཡིན་གྱི་ཆོས
204a2 མ་ཡིན་པ་ལ་མྱི་རྟོན་ཏེ། ཆོས་ལ་རྟོན་པ་ལ་ཆོས་མ་ཡིན་པ་སྣང་བར་ཡང་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེས་ནི་ཆོས་ཐམས་ཅད་མྱིང་དུ་བརྗོད་པ་ལས་དབེན་པར་ཤེས་པའི་ཕྱིར་རོ།། ཆོས་སོ་སོ་ཡང་དག་པར་རིག
204a3 པ་ཞེས་བྱ་བ་ནི་ཐེག་པ་ཐ་དད་པ་དང་། ཆོས་ཐ་དད་པར་ཡང་འཆད་ལ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཐ་དད་པར་ཡང་མྱི་བྱེད་པ་གང་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ནི་མཚན་ཉིད་གཅིག་པའི
204a4 ཕྱིར་རོ།། དེ་བརྗོད་པ་གང་གིས་ཆོས་རྣམས་བརྗོད་པའི་བརྗོད་པ་དེ་བྲག་ཅའི་སྒྲ་དང་། མཚུངས་པ་ཉིད་དུ་འཇུག་གོ།། ཆོས་གང་ཡོངས་སུ་བརྗོད་པ་དེ་དག་ཀྱང་ཆོས་ཀྱི་དབྱིངས་དང་། མཉམ་པར་ཤེས་པ་ལ
204a5 ཤེས་པ་དང་། ཐ་སྙད་ལ་ཐོགས་པ་མྱེད་པ་དེ་ནི་ཆོས་སོ་སོ་ཡང་ད་གེག་པར་རིག་པ་ཞེས་བྱའོ།། དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར། རིག་པ་གང་ཞེན། ཀང་ལྷའི་གདགས་པ་ཤེས་པ་དང་། ཀླུ
204a6 དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁ་འ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་ཕྱེ་ཆེན་པོ་དང་། མྱི་དང་། མྱི་མ་ཡིན་པ་གདགས་པ་ཤེས་པ་དང་། རྒྱ་བྱིན་དང་། ཚངས
204a7 པ་དང་། འཇིག་རྟེན་སྐྱོང་བའི་གདགས་པ་ཤེས་པ་དང་། ཚིག་ཅིག་པ་དང་། གཉིས་པ་དང་། ཚིག་མང་པོ་རྣམས་དང་། མདོར་བསྡུས་པའི་ཚིག་བླ་གདགས་དང་། སྤྲོས་པའི་ཚིག་བླ་གདགས་དང་། སྐྱེས་པ་དང་།
204a8 བུད་མྱེད་དང་། མ་ནིང་གི་ཚིག་བླ་གདགས་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཚིག་བླ་དགས་ཤེས་པ་དང་། ཆོས་རྣམས་ཇི་ལྟར་གདགས་པར་བྱ་བ་དང་། གདགས་པ་གང་གིས་སེམས་ཅན
204a9 གཞན་གྱི་སེམས་ཀྱི་རྒྱུད་ལ་གདགས་པ་དེ་བཞིན་དུ་རྟོགས་ཤིང་འདོགས་སོ།། རང་གི་ངེས་པའི་ཚིག་གིས་གཞན་གི་ངེས་པའི་ཚིག་འཁྲུག་པར་མྱི་བྱེད་ཅིང་། རློམ་སེམས་སུ་ཡང་མྱི་བྱེད་ཅིང་། དེ་ཅིའི་ཕྱིར་ཞེ་ན། དེས