e-texts navigator
Collection
Volume
Page
Wylie

203b1 བབ་ཅོས་རྣམས་མཅད་མ་སྐྱེད་པ་དང་། དབྱིགས་པ་བྱེད་པར་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱི་ཏེ། དེ་མ་ཅན་པ་དང་། དབྱིགས་པ་དག་གིས་ཡོངས་སུ་གཟུང་བར་གྱི་ནུས་སོ།། གང་མེ
203b2 ལྟར་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་དེ་ནི་ཡེ་ཤེས་དེས་བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ཀྱང་བྱེད་ལ། གང་ཟད་པར་ཡང་མྱི་འགྱུར་བ་དེ་ནི་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱའོ།།
203b3 གས་ལའ་རྣམ་པར་འཕྲུལ་བ་ཞེས་བྱལ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་གང་ཞེམ། ཆོས་རྣམས་རྣམ་པར་འབྱེད་ཅིང་ཏིག་རབ་ཏུ་དབྱེ་བ་དང་། ཆོས
203b4 ཡ་དག་པར་རིག་པ་བཞི་པོ་འདི་ལྟ་སྟེ། དྲོན་པོ་སོ་ཡང་དག་པར་རིག་པ་དང་། ཆོས་མོ་པོ་ཡང་དག་པར་རིག་བ་དང་། ངེས་པའི་ཚིག་མོ་སོ་ཡང་དག་པར་རིག
203b5 བ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཏེ་བར་ལེན་ཅིང་སྟོན་ཅིང་དེ་ལ་དོན་སོ་སོ་ཡང་དག་པར་རིག་པ། གང་མེད། ཚིག་འབྲུ་བཤད་པ་ཐམས
203b6 ད་ལ་དོན་ཉིད་ལ་གཏོན་པ་ཡིན་གྱི་ཚིག་འཕྲུལ། རྟོན་པ་མ་ཡིན་པ་སྟེ། དོན་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཡང་དག་པ་ཉིད་དུ་ཤེས་པའོ།། དོན་ཅེས་བྱ་བ་ནི
203b7 འདི་ལྟ་སྟེ། བརྗོད་དུ་བྱེད་པའི་དོན་དང་། བརྗེད་ངས་པ་མྱེད་ཅིང་། ཚིག་འབྲུ་མཐའ་དད་པ་མྱེད་པ་ཉིད་དང་སྔོན་གི་མཐའ་དང་། ཕྱི་མའི་མཐའ་སྦལས་དབེན་པ་ཉིད་དེ
203b8 དེ་ནི་དོན་ཅེས་བྱའོ།། ཚིག་འབྲུ་བསྔགས་པའི་དོན་ལ་བརྟེན་པར་མྱི་བྱའི། གང་ཚིག་འབྲུ་མཉམ་པ་ཉིད་དེ་དོན་ཡིན་ཏེ། ར་ན་དན་ས་ས་ཡང་། དེ་ནི་དོན་སོ་སོ་ཡང




iiif viewer powered by OpenSeadragon

203a - 204a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo