e-texts navigator
Collection
Volume
Page
Wylie

203a1 དེ་ལྟར་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ།། དམ་པའི་ཆོས་ཀྱང་ཇི་ལྟར་ཡོངས་སུ་འཛིན་ཅེ་ན། གང་ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མྱེད་པ་སྟེ། འདི་ནི་དམ་པའི་ཆོས་ཡོངས
203a2 སུ་འཛིནད་པའོ།། གཟུགས་ཡོངས་སུ་འཛིནད་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་འཛིན་པ་ནི
203a3 དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན། དེ་བཞིན་དུ་ཁམས་ཡོངས་སུ་འཛིན་པ་དང་། སྐྱེ་མཆེད་ཡོངས་སུ་འཛིན་པ་དང་། མྱིང་དང་གཟུགས་ཡོངས་སུ་འཛིན་པ་ནི། དམ་པའི་ཡོངས་སུ་འཛིན་པ་མ
203a4 ཡིན། དགེ་བ་དང་། མྱི་དགེ་བའི་ཆོས་ཡོངས་སུ་འཛིན་པ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མྱེད་པ་དང་། ཟག
203a5 པ་དང་བཅས་པ་དང་། ཟག་པ་མྱེད་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཡོངས་སུ་འཛིན་པ་ནི། དམ་པ་ཆོས་ཡོངས་སུ་འཛིནད་པ་མ་ཡིན། སྦྱིན་པའི་མཚན་མ
203a6 ཡོངས་སུ་འཛིན་པ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་མཚན་མ་ཡོངས་སུ་འཛིན་པ་ནི་དམ
203a7 བའི་ཆོས་ཡོངས་སུ་འཛིན་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་མཚན་མ་དང་། དམྱིགས་པ་འབྱུང་བ་དེ་ཙམ་དུ་ཆོས་མ་ཡིན། འདུལ་བ་མ་ཡིན་པའི་ཕྱིར་ཏེ། གང་འཛིན་པ་ཐམས་ཅད་གཏོང་ཞིང
203a8 འཇུག་པ་དང་། མྱི་འཇུག་པ་དང་། སྨོནད་པ་དང་། མཚན་མ་དང་། དམྱིགས་པ་ཡོངས་སུ་མྱི་འཛིན་པ་འདི་ནི། དམ་པའི་ཆོས་ཡོངས་སུ་འཛིན་པའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས




iiif viewer powered by OpenSeadragon

202b - 203b

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo