e-texts navigator
Collection
Volume
Page
Wylie

202b1 བདག་ནི་བསྦྱངས་པ་སྨྲ་བ། བདག་ནི་དགོན་པ་པ་ཡོ་བྱད་སྦྱངས་པའོ་སྙམ་དུ་སེམས་སུ་བྱེད་ཅིང་། རྣམ་པར་རྟོག་པ་དེ་ནིང་རྒྱལ་གྱི་ལས་སོ།། བདག་ནི་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད
202b2 པ་གནས་པའོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག་ནི་དབེན་པར་སྨྲ་བའོ།། ཡང་དག་པར་སྨྲ་བའོ།། ཇི་ལྟར་སྨྲ་བ་དེ་ལྟར་སྨྲ་བར་བྱེད་པའོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག་ནི་བདུད་ཀྱི་ལས་ལས
202b3 ཡང་དག་པར་འདས་ལ་བདུད་བཞི་དང་། ལྟ་བ་ཐམས་ཅད་དང་བྲལ་ཞིང་། སྐྱེ་བ་མྱེད་པ་ལ་བཟོད་པ་ཉམས་སུ་ཟང་ངོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག་གྱིས་བྱང་ཆུབ་རྟོགས་ནས་ཆོས་ཀྱི་འཁོར
202b4 ལོ་བསྐོརང་ཏོ།། སེམས་ཅན་རྣམས་ཐ་རད་པར་བྱས་ལ། ཕུང་པོའི་ལྷག་མ་མྱེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ལས་བཟླའོ།། སྙམ་དུ་གང་དུ་རློམ་སེམས་སུ་བྱེད་ཅིང་།། རྣམ་པར
202b5 རྟོག་པ་དེ་དག་ཐམས་ཅད་ནི་ང་རྒྱལ་གྱི་ལས་ཏེ། རྣམ་པར་འཕྲུ། ལ་བའི་རྒྱལ་པོ།། ཇི་ཙམ་དུ་ཡིད་ཉེ་བར་སྤྱོད་པ་དང་། སེ་མས་མཐོ་བ་དང་། དམའ་བ་དང་། རྣམ་པར་ཤེས་པ་བརྟགས
202b6 པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ།། རྣམ་པར་འཕྲུལ་བའིརྒྱལ་པོ་དེ་ཡེ་ཤེས་ཀྱི་ལས་གང་ཞེ་ན། གང་ལ་ཡིད་ཀྱི་ཉེ་བ.རསྤྱོད་པ་མྱེད། སེམས་ཀྱི་མྱེད། རྣམ་པར་ཤེས་པ་མྱེད་པ
202b7 དེ་ནི་ཡེ་ཤེས་ཀྱི་ལས་ཏེ། དེ་ཡེ་ཤེས་ཀྱིས་བྱས་པའི་ལས་རྣམས་ཀྱང་བྱེད་དོ།། བྱང་ཆུབ་སེམས་དཔའི་ལས་ཀྱང་གང་ཞེ་ན། གང་བྱང་ཆུབ་སེམས་དཔས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ལས་ནི་རྣམ
202b8 པ་གཉིས་སོ།། གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའོ།། དེ་བདག་ཇི་ལྟར་ཤེས་པ་དེ་བཞིན་དུ། སེམས
202b9 ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དེ། བདག་ཀྱང་ཇི་ལྟར་ཤེས་ཞེ་ན། བདག་ནི་གནས་མྱེད་པར་ཤེས་ཏེ། གང་བདག་གནས་མྱེད་པར་ཤེས་པ་དེ་ལ་ཡིད་མྱེད། རྣམ་པར་ཤེས་པ་མྱེད། སེམས་བྱེད།




iiif viewer powered by OpenSeadragon

202a - 203a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo