| e-texts navigator |
| Wylie |
202a1 རྣམ་པར་ཤེས་པ་རྒྱུ་བ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ།། ཇི་ཙམ་དུ་སེམས་རྒྱུ་བ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ།། ཇི་ཙམ་དུ་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ལ་མངོན་པར་ཞེན་པ་རེཙམ་ཅུ་བ
202a2 ཀྱི་ལས་སོ།། ཇི་ཙམ་དུ་ལྟ་བར་ལྟུང་བའི་སྦྱིན་པ་དེ་ཙམ་དུ་ང་རྒྱལ་ཀྱི་ལས་སོ།། ཇི་ཙམ་དུ་འདུ་ཤེས་སུ་ལྟུང་བའི་ཚུལ་ཁྲིམས་སུ་གྱུར་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ།། ཇི་ཙམ་དུ་བདག་དང་གཞན་ལ
202a3 གནས་ཁའི་བཟོད་པར་གྱུརྡ་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ།། ཇི་ཙམ་དུ་ལུས་དང་སེམས་ལ་དབྱིགས་པའི་བརྩོན་འགྲུས་སུ་གྱུར་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ།། ཇི་ཙམ་དུ་རྟོག་པ་དང་། རྣམ་པར་རྟོག
202a4 བ་དང་། ཡོངས་སུ་རྟོག་པའི་བསམ་གཏན་དུ་གྱུར་པ་དེཿམ་དུ་ང་རྒྱལ་གྱི་ལས་སོ།། ཇི་ཙམ་དུ་བདག་དང་བདག་གི་བྱེད་པས་བསྐྱེད་པའི་ཤེས་རབ་དུ་གྱུར་པ་དེ་ཙམ་དུ་ང་རྒྱལ་གྱི་ལས
202a5 སོ།། བདག་ནི་བྱང་ཆུབ་སེམས་དཔའོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག་ནི་བྱང་ཆུབ་ཏུ་ཞུགས་སོ་སྙམ་བ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག་ནི་སངས་རྒྱས་དང་།
202a6 ཆོས་དང་། དགེ་འདུན་གྱི་ཚུལ་མྱི་གཅོད་དོ་སྙམ་པའི་དེ་ནི་ང་རྒྱལ་ཀྱི་ལས་སོ།། བདག་ནི་སེམས་ཅན་གྱི་དོན་ལ་ཡང་དག་པར་ཞུགས་སོ།། སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག་གྱིས
202a7 སེམས་ཅན་མ་རྒལ་བ་བསྐལ་ལོ་སྙམ་པ་དང་། མ་གྲོལ་བ་དགྲོལ་ལོ་སྙམ་པ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་ངོ་སྙམ་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་ཟླའོ་སྙམ་པ་དེ་ནི
202a8 ང་རྒྱལ་གྱི་ལས་སོ།། བདག་ནི་སྦྱིན་པའི་བདག་པའོ།། བདག་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་ལྡན་ནོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག
202a9 ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་སོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ།། བདག་ནི་འདོད་པ་ཆུང་བ་ཆོག་ཤེས་པ་རབ་ཏུ་དབེན་པ་ལ་དགའོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ།།