| e-texts navigator |
| Wylie |
201b1 དེ་ལ་གནས་པར་ཤེས་པ་ཡང་མ་ཡིན་པ་དང་། སངས་རྒྱས་ཀྱི་ཐེག་པ་ཡང་ཤེས་ལ། དེ་ལ་གནས་པར་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱའོ།། གཞན་ཡང་ཤེས་པའི་རྣམ་པར་འཕྲུལ་པ་ནི་གང་ཤེས་པ
201b2 གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་དང་། སེམས་ཀྱི་ངོ་བོ་ཉིད་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་ཉིད་ཤེས་ལ་སེམས་དང་ཤེས་པ་ལ་གཉིས་སུ་ཡང་གྱི་འཇུག་པའོ།།
201b3 གཞན་ཡང་ཤེས་པའི་རྣམ་པར་འཕྲུལ་བ་ནི། གང་འདས་པ་ལ་ཤེས་པ་དང་། མཐོང་བ་ཐོགས་པ་མྱེད་པ་ལ་འདས་པ་ལ་མ་འོངས་པའི་སེམས་འཕོ་བ་ཡང་མྱེད་པ་དང་། མ་འོངས་པ་ལ་ཤེས་པ་དང་།
201b4 མཐོང་བ་ཐོགས་པ་མྱེད་པ་ལ་མ་འོངས་པ་ལ་འདས་པའི་སེམས་འཕོ་བ་ཡང་མྱེད་པ་དང་། ད་ལྟར་བྱུང་བ་ལ་ཤེས་པ་དང་། མཐོང་བ་ཐོགས་པ་མྱེད་པ་ལ་འདས་པ་དང་། མ་འོངས་པ་དང
201b5 ད་ལྟར་བྱུང་བ་ལ་ཡང་སེམས་སྤྲོས་པ་མྱེད་པ། གཞན་། ཡང་ཤེས་པའི་རྣམ་པར་འཕྲུལ་པ་ནི་གང་ཟད་པ་ཤེས་པ་ཡང་།། ཤེས་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ཡང་ཡོངས
201b6 སུ་མྱི་ཟད་པ་ཤེས་པ་དང་། སྐྱེ་བ་མྱེད་པ་ཡང་ཤེས་ལ་བསྡུ་བའི་དངོས་པོ་ལ་ཡང་ཐབས་ཤེས་པ་འདི་ནི་ཤེས་པའི་རྣམ་པར་འཕྲུལ་པའོ།། གཞན་ཡང་ཤེས་པའི་རྣམ་པར་འཕྲུལ།
201b7 བ་ནི་གང་ཤི་ནད་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་གཞན་གྱི་དྲི་མྱི་འཇོག་པར་ཤེས་ཤིང་ཤེས་པའི་སྟོབས་དེས་ཀྱང་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་ཡོངས
201b8 སུ་སྤྱན་པར་བྱ་བའི་ཕྱར་སུ་མྱ་ངན་ལས་འདའ་བ་འདི་ནོ་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱའོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ། བྱང་ཆུབ་སེམས་དཔའ་ཤེས་པའི་རྣམ་པར་འཕྲུལ
201b9 བ་བྱེད་པར་འདོད་པས། ཡེ་ཤེས་ཀྱི་བྱས་པའི་བྱ་བ་རྣམས་བྱའི། ང་རྒྱལ་གྱིས་བྱས་པ་རྣམས་ནི་གྱི་བྱའོ།། ང་རྒྱལ་གྱི་ལག་ལེན། ཅི་ཙམ་དུ་ཡིད་རྒྱུ་བ་དེ་ཙམ་དུ་ང་རྒྱལ་གི་ལས་སོ།། ཅི་ཙམ་དུ