| e-texts navigator |
| Wylie |
201a1 རྣམས་ཀྱི་ངོ་བོ་ཉིད་འགགས་པས་སྐྱེ་བར་ཡང་མྱི་བྱེད། འགོག་པར་ཡང་མྱི་བྱེད་པ་དེ་ནི་འགོག་པ་ཞེས་བྱའོ།། དེ་ལ་ལམ་གང་ཞེ་ན། ལམ་གང་གིས་ཆོས་ཐམས་ཅད་བཙལ།
201a2 ན་དགེ་བ་དང་། མྱི་དགེ་བའམ། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པའམ། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མྱེད་པ་འམ། འདུས་བྱས་དང་། འདུས་མ་བྱས་སམ
201a3 འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དག་མྱི་དམྱིགས་པ་དེ་ནི་ལམ་ཞེས་བྱའོ།། ཆོས་ཐམས་ཅད་ཐ་དད་པ་མྱེད་པའི་ཕྱིར་ལམ་མཉམ་པ་ཉིད་དོ།། ཉོན་མོངས་པ་ཐམས་ཅད་ཀྱི་ཡོངས་སུ་གདུང
201a4 བ་མྱེད་པའི་ཕྱིར་ལམ་རབ་ཏུ་ཞི་བའོ།། ངན་འགྲོ་ཐམས་ཅད་དང་བྲལ་བའི་ཕྱིར་ལམ་ཉེ་བར་ཞི་བའོ།། ཟག་པ་ཐམས་ཅད་ཡོངས་སུ་ཟད་པའི་ཕྱིར་ལམ་ཟག་པ་མྱེད་པའོ།། ལམ་དེ་ནི
201a5 དབྱིགས་པར་ལྟ་བ་ཐམས་ཅད་ཀྱིས་བགྲོད་པར་བྱ་བ་མ་ཡིན་པའོ།། ། ལམ་དེ་ནི་རྣལ་འབྱོར་སྤྱོད་པ་ཡང་དག་པར་ཞུགས་པ་རྣམས་ཀྱིས་རྟོགས་སླ་བའོ།། ལམ་ངན་སྔ་ན་ག་ད་བཞིན་གཤེགས
201a6 པ་རྣམས་བཞུད་ཅང་རྫས་སུ་བཞུད་པའོ།། ལམ་དེ་ནི་སྔོན་གི་དེ་བཞིན་གཤེགས་པ་རྣམས་བཞུད་ཅིང་རྗེས་སུ་བཞུད་པའོ།། ལམ་དེ་ནི་མཚན་མར་རྣམ་པར་རྟོག་པ་ཐམས
201a7 ཅད་སྤངས་པའི་ཕྱིར་མཚན་མ་མྱེད་པའོ།། ལམ་གང་གིས་གཉིས་དང་། མཚན་མར་མྱི་ལྟུང་བ་དེ་ནི་ལམ་ཞེས་བྱ་སྟེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བདེན་པ་བཞི་པོ་དག་ཚུལ་འདིས་རྟོགས་དེ་ནི་བདེན
201a8 བཤེས་པ་ཞེས་བྱའོ།། བདེན་པ་བཞི་པོ་འདི་རྗེམ་ཉན་ཐོས་ཀྱི་ཐེག་པ་པ་རྗེས་དང་།། རང་སངས་རྒྱས་ཀྱི་ཐེག་པ་པ་རྗེས་ལ་སྟོན་ད་ལ། ཐེག་པ་པ་དེ་དག་ལ་ཡང་འདོད་པར་མྱི་བྱེད་པ་དེ་ནི། བདེན་པ་ཤེས་པ་རྣམ་པར་འཕྲུལ་པ་ཞེས་བྱའོ།།
201a9 རྣམ་པར་འཕྲུལ་བའི་རྒྱལ་པོ་གཞན་ཡང་ཤེས་པའི་རྣམ་པར་འཕྲུལ་པ་ནི་གང་། ཉན་ཐོས་ཀྱི་ཐེག་པ་ཡང་ཤེས་ལ། དེ་ལ་གནས་པར་ཤེས་པ་ཡང་མ་ཡིན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡང་ཤེས་ལ