| e-texts navigator |
| Wylie |
200b1 རྣམ་པར་འཕྲུལ་པའོ།། དེ་ལ་བདེན་པ་ཤེས་པ་གང་ཞེ་ན། བདེན་པ་མངོན་དུ་རྟོགས་པ་གང་གྱིས། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ལ་རེག་པར་བྱེད་ཅིང་། བདེན་པ་མངོན་པར་རྟོགས་པ་དེ་ཉིད་བྱང་ཆུབ་སེམས་དཔས།།
200b2 མངོན་པར་རྟོགས་པར་བྱས་ནས། རྣམ་པར་གྲོལ་བ་ལ་ཡང་རེག་པར་མྱི་བྱེད་པ་འདི་ནི། དེའི་ཤེས་པའི་རྣམ་པར་འཕྲུལ་པའོ།། བདེན་པ་མངོན་པར་རྟོགས་པ་གང་གིས་རང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ལ
200b3 རེག་པར་བྱེད་ཅིང་། བདེན་པ་མཐོང་བར་རྟོགས་པ་དེ་ཉིད་བྱང་ཆུབ་སེམས་དཔས་མངོན་པར་རྟོགས་པར་བྱས་ནས། རྣམ་པར་གྲོལ་བ་ལ་རེག་པར་ཡང་མྱི་བྱེད་པ་འདི་ནི། དེའི་སྐྱེ་བ་མྱེད་པའི་རྣམ་པར་འཕྲུལ་པ
200b4 ཡིན་མོད་ཀྱི། བདེན་པ་ཤེས་པ་ཞེས་བྱ་བ་ནི། གང་ཡང་དག་པ་མ་ཡིན་པ་མྱེད་པས། སྡུག་བསྔལ་ཡོངས་སུ་ཤེསཔའོ།། དེའི་ཡོངས་སུ་ཤེས་པ་གང་ཞེ་ན། ཕྱིན་ཅི་ལོག
200b5 དུ་སྐྱེ་བའི་ཕྱིར་དེ་ཡོད་པ་མ་ཡིན་ཞིང་མྱེད་ལ། དེ་དངོས་པོ་ཡོད་པ་མ་ཡིན་གི། དངོས་པོ་མྱེད་པ་ཤེས་པ་སྟེ། གང་གི་ཚེ་སྡུག་བསྔལ་སྐྱེ་བ་མྱེད་ཅིང་འབྱུང་བ་མྱེད་པར་ཤེས་པ་དེ་ནི།
200b6 སྡུག་བསྔལ་ཡོངས་སུ་ཤེས་པའོ།། དེ་ལ་ཀུན་འབྱུང་བ་ཡོངས་སུ་ཤེས་པ་གང་ཞེ་ན། ཆོས་རྣམས་ཇི་ལྟར་ཀུན་ཏུ་འབྱུང་བ་དེ་བཞིན་སྤོང་། ཇི་ལྟར་ཀུན་ཏུ་འབྱུང་ཞེ་ན། ཀུན་ཏུ་འབྱུང་བ་ཞེས་བྱ་བ་ནི།
200b7 ཀུན་ཏུ་བྱུང་མ་ཐག་ཏུ་འོང་བ་མྱེད་པས། སྤོང་བ་དང་། ཀུན་ཏུ་འབྱུང་ལ་འགྲོ་བ་མྱེད་པས་སྤོང་བ་འདི་ནི་ཆོས་རྣམས་ཀྱི་ཚུལ་ཏེ། འདི་ལ་སྤོང་བར་འགྱུར་བའི་ཆོས་གང་ཡང་འབྱུང་བ་མྱེད་དེ། སྲེད་པ་བག
200b8 ལ་ཉལ་གང་གིས་སྲིད་པ་འབྱུང་བའི་སྲེད་པ་བག་ལ་ཉལ་དེ་སྤངས་ནས། དེ་ནི་ཀུན་ཏུ་འབྱུང་བ་སྤངས་པ་ཞེས་བྱའོ།། དེ་ལ་སྡུག་བསྔལ་འགོག་པར་གང་ཞེ་ན། གང་སྡུག་བསྔལ་དང་། ཀུན
200b9 འབྱུང་བ་གཉིས་ཤིན་ཏུ་འགག་ཅིང་། ཆོས་གང་ཡང་འཇིག་པ་མྱེད་པ་དེ་ནི་འགོག་པ་ཞེས་བྱའོ།། འགོག་པ་ཞེས་བྱ་བ་ནི། གང་མཚན་མར་དམྱིགས་པ་ཐམས་ཅད་འགོག་པ་སྟེ། དེ་ལྟར་ཆོས