e-texts navigator
Collection
Volume
Page
Wylie

200a1 དག་གོ།། དེ་རངས་ཏེ་ནད་ཅིང་འབྲེལ་པར་འབྱུང་བ་མཐོང་བས་ཆོས་མཐོང་། ཆོས་མཐོང་བས་ཀྱང་དེ་བཞིན་གཤེགས་པ་མཐོང་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ
200a2 བའི་རྒྱལ་པོས་གསོལ་ད་བ་བཅོམ་ལྡན་འདས་ཀྱིས་མར་མེ་མཛད་ཀྱི་ཕ་རོལ་ཏུ། དེ་བཞིན་གཤེགས་པ་དག་གཟིགས་པ་དེ་དག་ཇི་ལྟར་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། གཟུགས་ཀྱི་མཚན
200a3 ཉིད་ཡོངས་སུ་རྟོགས་པར་མཐོང་བས་མཐོང་། ཆོས་ཀྱི་སྐུ་གཉིས་སུ་མྱེད་པར་མཐོང་བས་ནི་མ་ཡིན་ནོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་མོས་པར་བྱའོ།། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ།། ངས་བྱང་ཆུབ་ཀྱི
200a4 སེམས་བསྐྱེད་ཚུན་ཆད་དེ་བཞིན་གཤེགས་པ་མར་མེ་མཛད་མ་གརྟོག་ས་པར། ནམ་ཡང་དེ་བཞིན་གཤེགས་པ་མ་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཚན་ཉིད་མཐོང་བས་དེ་བཞིན་གཤེགས་པ
200a5 མཐོང་བ་རྣམ་པར་དག་པ་མ་ཡིན་པའི་ཕྱིར་རོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བས་ན་དེ་བཞིན་གཤེགས་པ་མཐོང་བར་འོད་ད་པས། ཇི་ལྟར་ངས་ཆོས་ཉིད་གཅིག་པ་དང་། ཆོས་ཉིད་གཉིས
200a6 སུ་མྱེད་པས་མར་མེ་མཛད་མཐོང་བ་དེ་ལྟར་ལྟ་བར་བྱའོ།། ཇི་ལྟར་ཆོས་ཉིད་གཅིག་པ་ཡིན་ཞེ་ན། ངའི་ལུས་ཇི་ལྟར་བ་མར་མེ་མཛད་ཀྱི་སྐུ་ཡང་དེ་བཞིན་ནོ།། མར་མེ་མཛད་ཀྱི་སྐུ་ཇི་ལྟ
200a7 བ་སེམས་ཀྱི་ལུས་ཀྱང་དེ་བཞིན་ཏེ། དེ་བས་ན་ལུས་གཅིག་པ་དང་གཉིས་སུ་མྱེད་པ་དང་། གཉིས་སུ་དབྱེར་མྱེད་པ་སྟེ། འདི་ལྟ་སྟེ་མཚན་ཉིད་མྱེད་པའི་ཕྱིར། ཆོས་ཉིད་གཅིག་པ་ཤེས་པར་བྱའི།། རྣམ་པར་བརྟག
200a8 པས་ཤེས་པར་མྱི་བྱའོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ཞེས་བྱ་སྟེ། རྟེནད་ཅིང་འབྲེལ་བར་འབྱུང་བ་མཐོང་བས་ཆོས་མཐོང་། ཆོས་མཐོང་བས་ཀྱང་སངས་རྒྱས་མཐོང་ངོ་།།
200a9 གང་ཡང་སེམས་བསྐྱེད་པ་ཐམས་ཅད་ལ་འགོག་པ་མངོན་དུ་བྱེད་ཀྱང་། ཡོངས་སུ་མྱ་ངན་ལས་མྱི་འདའ་ཞིང་། མྱི་སྐྱེ་བ་དང་། དམྱིགས་སུ་མྱེད་པའི་ཕྱིར། ཐབས་ཤེས་པས་འཁོར་སྟོན་པ་འདི་ནི། དེ་ཤེས་པའོ།།




iiif viewer powered by OpenSeadragon

199b - 200b

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo