| e-texts navigator |
| Wylie |
199b1 དེས་འདུས་མ་བྱས་པ་མཐོང་བར་བསླ་བ་མ་ཡིན། ཤེས་རབ་ཀྱི་མྱིག་ནི་རྣམ་པར་མྱི་རྟོག་པ་སྟེ། རྣམ་པར་མྱི་རྟོག་པས་མྱི་མཐོང་བའི་ཕྱིར་རོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་གང
199b2 ཆོས་རྣམས་དེ་ལྟར་མཐོང་བ་དེས། དེ་བཞིན་གཤེགས་པ་མཐོང་སྟེ།། གཟུགས་སུ་མཐོང་བ་མ་ཡིན། ཚོར་བར་མ་ཡིན། འདུ་ཤེས་སུ་མ་ཡིན། འདུ་བྱེད་རྣམས་སུ་མ་ཡིན། རྣམ་པར་ཤེས་པར་མཐོང
199b3 བ་མ་ཡིན། མཚན་དང་དཔེའ་བྱད་བཟང་པོར་མ་ཡིན། ཆོས་ཀྱི་དབྱིངས་སུ་མ་ཡིན། ཚུལ་ཁྲིམས་སུ་མཐོང་བ་མ་ཡིན། ཏིང་ངེ་འཛིན་དུ་མ་ཡིན། ཤེས་རབ་ཏུ་མ་ཡིན། རྣམ་པར་གྲོལ་བར་མ་ཡིན།
199b4 རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་མཐོང་བ་མ་ཡིན། འདས་པར་མ་ཡིན། མ་འོངས་པར་མ་ཡིན། ད་ལྟར་བྱུང་བ། མཐོང་བ་མ་ཡིན་ཏེ། གང་དེ་ལྟར་མཐོང་བ་དེ་ནི་དེ་བཞིན་གཤེགས།
199b5 པ་མཐོང་བའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམ། ས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་གང་ཆོས་འདི་རྣམས་མཐོང་བས
199b6 དེས་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བའི་རྣམ་གྲངས་མཿས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རྣམ་པར་འཕྲུལ་པའི་རྒྱལ་པོ་ཡོད་དོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས
199b7 ནི་ཟད་པའི་མཚན་ཉིད་སྐྱེ་བ་མྱེད་པའི་རང་བཞིན་ཅན་ཏེ། གང་གཟུགས་དེ་ལྟར་མཐོང་བ་དེ་ནི། དེ་བཞིན་གཤེགས་པ་མཐོང་བའོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཟད་པ
199b8 མཚན་ཉིད་སྐྱེ་བ་མྱེད་པའི་རང་བཞིམ་ཅན་ཏེ། གང་རྣམ་པར་ཤེས་པ་དེ་ལྟར་མཐོང་བ་དེ་ནི། དེ་བཞིན་གཤེགས་པ་མཐོང་བའོ།། ཚུལ་ཁྲིམས་ནི་མངོན་པར་འདུ་མྱི་བྱེད་པའི་མཚན་ཉིད་དུ་འདུས་མ་བྱས་པ་སྟེ།
199b9 གང་ཚུལ་ཁྲིམས་དེ་ལྟར་མཐོང་བ་དེ་ནི། དེ་བཞིན་གཤེགས་པ་མཐོང་བའོ།། ཏིང་ངེ་འཛིན་ད་ནི་མཉམ་པར་མཐོང་བ་རྣམ་པར་དག་པའོ།། དེ་ལྟར་ངས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཆེ་མཐོང་བ་རྣམ་པར