e-texts navigator
Collection
Volume
Page
Wylie

199a1 གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།། གང་རྟེན་པ་དེ་ནི་མྱི་གནས་པ་གང་རྟེན་པ་དེ་ནི་སྙིང་པོ་མྱེད་པ་མྱི་རྟེན་པ་དེ་ནི་མྱི་རྟག་པ། གང་རྟེན་པ་དེ་ནི་སྟོང་པ། གང་སྟོང་པ་དེ་ནི་སོང་བ་མྱེད
199a2 པ་དང་། འོངས་པ་མྱེད་པ་དང་། གང་རྟེན་པ་དེ་ནི་མ་བྱུང་བ། གང་རྟེན་པ་དེ་ནི་རིལ་པོར་འཛིནད་པ་མྱེད་པ། གང་རྟེན་པ་དེ་ནི་འཇུག་པ་མྱེད་པ་སྟེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།། གང
199a3 རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེ་ནི་མ་རིག་པ་མྱི་མཐོང་། འདུ་བྱེད་རྣམས་མྱི་མཐོང་། རྣམ་པར་ཤེས་པ་མྱི་མཐོང་། མྱིང་དང་གཟུགས་མྱི་མཐོང་། སྐྱེ་མཆེད་དྲུག་མྱི་མཐོང་། རེག་པ་མྱི་མཐོང་།
199a4 ཚོར་བ་མྱི་མཐོང་། སྲེད་པ་མྱི་མཐོང་། ལེན་པ་མྱི་མཐོང་། སྲིད་པ་མྱི་མཐོང་། སྐྱེ་བ་མྱི་མཐོང་། རྒ་ཤི་མྱི་མཐོང་སྟེ། དེ་ལྟར་གང་ཆོས་རྣམས་ལ་ཚུལ་བཞིན་དུ་མཐོང་བ་དེས་ན། རྟེནད་ཅིང
199a5 འབྲེལ་ད་བ་མཐོང་ངོ་། གང་རྟེན་ཅིང་འབྲེལ་བར་འབྱུང་བ་མ། ཐོད་བ་དེ་ནི་ཆོས་མཐོང་ངོ་།། ཆོས་གང་མཐོང་ཞེ་ན། འདོ།། ད་ཆགས་དང་བྲལ་བའི་ཆོས་མཐོང་ངོ་།། ཅིའི་ཕྱིར་འདོད
199a6 དང་བྲལ་བ་ཞེས་བྱ་ཞེ་ན། འདི་ལྟར་དེ་ལས་ཆོས་ཐམས་ཅད་ལ་ཆགས་པའི་ལྟ་བ་དང་བྲལ་བས་དེའི་ཕྱིར་འདོད་ཆག་པའི་ཆོས་མཐོང་ཞེས་བྱའོ།། ཅི་ནས་ཀྱང་ལྷག་པར་ཡང་མྱི་བྱེད་དེ།
199a7 དབྲི་བར་ཡང་མྱི་བྱེད་པ་དེ་ལྟར་མཐོང་། ཇི་ནས་ཀྱང་དེ་ཁོ་ན་ལས་མྱི་གཡོའ་ཞིང་མྱི་ཆགས་པ་དེ་ལྟར་མཐོང་། ཇི་ནས་ཀྱང་ཆོས་ཀྱི་དབྱིངས་ཐ་དད་པར་མྱི་འགྱུར་པ་དེ་ལྟར་མཐོང་། ཇི་ནས་ཀྱང་ཡང་དག
199a8 པའི་མཐའ་སྐྱོན་མྱེད་པ་དེ་ལྟར་མཐོང་།། ཇི་ནས་ཀྱང་མཐོང་བ་ཡང་མྱི་མཐོང་བ་དེ་ལྟར་མཐོང་།། ཇི་ནས་སཀྱང་ཤའི་མྱིག་གིས་མཐོང་བ་མ་ཡིན་པ་དང་། ལྷའི་མྱིག་གིས་མ་ཡིན་པ་དང་། ཤེས
199a9 རབ་ཀྱི་མྱིག་གིས་མཐོང་བ་མ་ཡིན་པ་དེ་ལྟར་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཤའི་མྱིག་ནི་བྱེད་པ་མྱེད་པ་སྟེ། བྱེད་པ་མྱེད་པའི་ཕྱིར་མྱི་མཐོང་། ལྷའི་མྱིག་ནི་མངོན་པར་འདུས་བྱས་པ་ཡིན་པས།




iiif viewer powered by OpenSeadragon

198b - 199b

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo