| e-texts navigator |
| Wylie |
198b1 རྟེནད་ཅིང་འབྲེལ་བར་འབྱུང་བ་ནི། འབྱུང་བ་མྱེད་པར་བལྟ་བར་བྱ་སྟེ། གང་འབྱུང་བ་མྱེད་པར་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་ཡིན་མོད་ཀྱི། ཡང་མ་རིག་པ་དང་། རིག་པ་དེ་གཉིས་སུ་མྱེད་ཅིང་གཉིས
198b2 སུ་བྱར་མྱེད་དེ། ཀང་དེ་ཤེས་པ་དེ་ནི་རྟེནད་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ།། འདུ་བྱེད་དང་། འདུ་བྱེད་མ་ཡིན་པ་དེ་གཉི་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ།། གང་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།།
198b3 རྣམ་པར་ཤེས་པ་དང་རྣམ་པར་ཤེས་པ་མ་ཡིན་པ་དེ་ནི། གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ།། མྱིང་དང་གཟུགས་དང་། མྱིང་དང་གཟུགས་མྱེད
198b4 པ་མྱེད་དེ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ།། གང་ད་གེ་ས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ།། སྐྱེ་མཆེད་། ག་དང་། སྐྱེ་མཆེད་དྲུག་མྱེད་པ་དེ་ནི། གཉིས་སུ་མྱེད་ཅིང་གཉིས
198b5 སུ་བྱར་མྱེད་དོ།། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར། འབྱུང་བ་ཤེས་པའོ།། རེག་པ་དང་རེག་པ་མྱེད་པ་དོ་ནི།། གཉིས་སུ་མྱེད་ཅིང་གཉིས་སུ་བྱེད་དེ། གང་དེ་ཤེས་པ་དེ་རྟེན་ཅིང
198b6 འབྲེལ་པར་འབྱུང་བ་ཤེས་པའོ།། ཚོར་བ་དང་། ཚོར་བ་མྱེད་པ་དེ་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།། སྲེད་པ་དང་།
198b7 སྲེད་པ་མྱེད་པ་དེ་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། གང་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ།། ལེན་པ་དང་། ལེན་པ་མྱེད་པ་དེ་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། གང
198b8 དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ།། སྲེད་པ་དང་། ཉིང་མཚམས་དང་མྱི་སྦྱོར་བ་དེ་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ་གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ།། །
198b9 སྐྱེ་བ་དང་། སྐྱེ་བ་མྱེད་པ་དེ་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ།། གང་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ།། རྒ་ཤི་དང་། རྨྱི་ལམ་དེ་ནི་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ།