e-texts navigator
Collection
Volume
Page
Wylie

198a1 བདག་ནི་རེག་པ་བསྐྱེད་དོ་སྙམ་དུ་མྱི་སེམས། རེག་པ་ནི་ཚོར་བའི་རྐྱེན་ཡིན་མོད་ཀྱི། རེག་པ་ཡང་འདི་སྙམ་དུ་བདག་ནི་ཚོར་བ་བསྐྱེད་དོ་སྙམ་དུ་མྱི་སེམས། ཚོར་བ་ནི་སྲིད་པའི་རྐྱེན་ཡིན་མོད་ཀྱི། ཚོར་བ
198a2 ཡང་འདི་སྙམ་དུ་བདག་ནི་སྲེད་པ་བསྐྱེད་དོ་སྙམ་དུ་མྱི་སེམས།། སྲེད་པ་ནི་ལེན་པའི་རྐྱེན་ཡིན་མོད་ཀྱི་སྲེད་པ་ཡང་འདི་སྙམ་དུ་བདག་ནི་ལེན་པ་བསྐྱེད་དོ་སྙམ་དུ་མྱི་སེམས་ལེན་པ་ནི་སྲིད་པའི་རྐྱེན་ཡིན་མོད་ཀྱི། ལེན་པ་ཡང་འདི
198a3 སྙམ་དུ་བདག་ནི་སྲིད་པ་བསྐྱེད་དོ་སྙམ་དུ་མྱ་སེམས།། སྲིད་པ་ནི་སྐྱེ་བའི་རྐྱེན་ཡིན་མོད་ཀྱི། སྲིད་པ་ཡང་འདི་སྙམ་དུ་བདག་ནི་སྐྱེ་བ་བསྐྱེད་དོ་སྙམ་དུ་མྱི་སེམས།། སྐྱེ་བ་ནི་རྒ་ཤིའི་རྐྱེན་ཡིན་མོད་གྱི། སྐྱེ་བ་ཡང་འདི་སྙམ
198a4 དུ་བདག་ནི་རྒ་ཤིའི་བསྐྱེད་དོ་སྙམ་དུ་མྱི་སེམས་ཏེ།། རྣམ་པར་འཕྲུལ་བའི་རྒྱལ་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟོག་པ་ན། དེ་ལ་ཆད་པར་ལྟ་བ་འམ། རྟག་པར་ལྟ
198a5 བའི་བལྟ་བ་གཉིས་ལ་གནས་པར་མྱི་འགྱུར་རོ།། དེ་འདི་སྙམ།། དུ་ཆོས་འདི་དག་ཐམས་ཅད་ནི་རྒྱུ་དང་རྐྱེན་ལ་རག་ལས་པའོ་སྙམ།། དུ་སེམས་ཤིང་། རྒྱུ་དང་རྐྱེན་དེ་དག་ཚོལ་ཏེ། བཙལ་ན་ཡང་མྱི་རྙེད
198a6 ངོ།། དེ་ནས་དེ་རྟེས་ཅིང་འབྲེལ་བར་འབྱུང་བ་ལ་ཡང་མཉམ་པརས་པ་འདུག་གོ།། ཤེས་པ་ཇི་ལྟ་བུ་ཞིག་འཇུག་ཅེན། རྟེན་ཅིང་འ་ང་བར་འབྲུ་བ་དང་། སྐྱེ་བ་མྱེད་པར་མཉམ་པ་སྟེ། སྟོང་པ་ཉིད་ག
198a7 དང་མཉམ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དེ་དང་མཉམ། མཚན་མ་མྱེད་པ་གང་དང་མཉམ་པརྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དེ་དང་མཉམ། སྨོནད་པ་མྱེད་པ་གང་དང་མཉམ་བརྟེན་ཅིང་འབྲེལང་བར་འབྱུང
198a8 བ་ཡང་དེ་དང་མཉམ་མོ།། མཉམ་པ་དེ་ཉིད་གང་གིས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཉམ་མོ།། རྟེན་ཅིང་འབྲེལ་བར
198a9 འབྱུང་བ་ཀང་དང་མཉམ་པ། དེ་ལ་བདག་སྐྱེ་བ་མྱེད། སེམས་ཅན་སྐྱེ་བ་མྱེད། སྲོག་སྐྱེ་བ་མྱེད། གང་ཟག་སྐྱེ་བ་མྱེད། དེ་ལ་ཆོས་གང་ཡང་མྱེད་དེ། དེ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།།




iiif viewer powered by OpenSeadragon

197b - 198b

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo