e-texts navigator
Collection
Volume
Page
Wylie

197b1 སུས་དང་། ཡིད་ནི་ཆགས་པ་ཡང་མ་ཡིན། ཆགས་པ་མྱེད་པ་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཡིད་ནི་རང་བཞིན་གྱིས་ཆགས་པ་མྱེད་པའི་ཕྱིར་རོ།། རྣམ་པར་འཕྲུལ་པའི་རྒྱལ་པོ། སྐྱེ་མཆེད་ཐམས་ཅད་ལ་གལ་ཏེ་རབ་ཏུ
197b2 ཤེས་ཤིང་། ཤེས་ནས་ཀྱང་ཆགས་པ་མྱེད་པ་དེ་ནི་སྐྱེ་མཆེད་ཤེས་པ་ཞེས་བྱའོ།། གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་དེ་ལྟར་ཤེས་ནས། སྐྱེ་བ་མྱེད་པ་དང་། འབྱུང་བ་མྱེད་པ་དང་། ཤིན་ཏུ་མྱ་ངན་ལས་འདའ་བར
197b3 བྱ་ངན་ལས་འདས་པར་གྱུར་ཀྱང་། སྐྱེ་ཞིང་འབྱུང་བ་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱང་ཡོངས་སུ་འཛིན་ཅིང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱང་། མྱི་སྤོང་བ་དེ་ནི་དེའི་ཤེས་པའི་རྣམ
197b4 པར་འཕྲུལ་བའོ།། གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་མི་མཚན་ཉིད་གང་ཡིན་པ་དང་། ངོ་བོ་ཉིད་གང་ཡིན་པ་དེ་དག་རབ་ཏུ་ཤེས་ལ། དེ་རྣམས་སྤོང་བར་ཡང་མྱི་བྱེད་ཅིང་། ཁམས་གསུམ་ན་ཡང་སྣང་ལ
197b5 ཉོན་མོངས་པ་དང་ལྷང་ལྡན་གཅིག་ཏུ་མྱི་གནས་ཤིང་། སྐྱེ་བ་དང་། འབྱུང་བ་དག་ཀྱང་སྟོན་ལ། སྐྱེ་བར་ཡང་མྱི་འགྱུར་ལ། འཆི་འཕོ།། བར་ཡང་མྱི་འགྱུར་བ་དེ་ནི། དེའི་ཤེས་པའི་རྣམ་པར་འཕྲུལ་པའོ།།
197b6 དེ་ལ་རྟེནད་ཅིང་འབྲེལ་བར་འབྱུང་བ་ཤེས་པ་གང་ཞེ་ན། མ་རིག་པ་ནི་བྱེད་རྣམས་ཀྱི་རྐྱེན་ཡིན་མོད་ཀྱི། མ་རིག་པ་ཡང་འདི་སྙམ་དུ་བདག་ནི་འདུ་རྣམས་སྐྱེད་དོ།། སྙམ་དུ་མྱི་སེམས། འདུ་བྱེད་རྣམས་ནི།
197b7 རྣམ་པར་ཤེས་པའི་རྐྱེན་ཡིན་མོད་ཀྱི། འདུ་བྱེད་ཀྱང་འདི་སྙམ་དུ་བདག་ཅག་ནི། འདུ་བྱེད་རྣམས་བསྐྱེད་དོ།། སྙམ་དུ་མྱི་སེམས། འདུ་བྱེད་རྣམས་ནི་རྣམ་པར་ཤེས་པའི་རྐྱེན་ཡིན་མོད་ཀྱི།། འདུ་བྱེད་རྣམས་ཀྱང་འོང
197b8 སྙམ་དུ་བདག་ཅག་ནི་རྣམ་པར་བསྐྱེད་དོ་སྙམ་དུ་མྱི་སེམས། རྣམ་པར་ཤེས་པ་ནི་མྱིང་དང་གཟུགས་ཀྱི་རྐྱེན་ཡོན་མོད་ཀྱི། རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་མྱིང་དང་གཟུགས་བསྐྱེད་དོ་སྙམ་དུ་མྱི་སེམས།
197b9 མྱིང་དང་གཟུགས་སྐྱེ་མཆེད་དྲུག་གི་རྐྱེན་ཡིན་མོད་ཀྱི། མྱིང་དང་གཟུགས་ཀྱང་འདི་སྙམ་དུ་བདག་ནི་སྐྱེ་མཆེད་དྲུག་བསྐྱེད་དོ་སྙམ་དུ་མྱི་སེམས། སྐྱེ་མཆེད་དྲུག་ནི་རེག་པའི་རྐྱེན་ཡིན་མོད་ཀྱི། སྐྱེ་མཆེད་དྲུག་ཀྱང་འདི་སྙམ་དུ།




iiif viewer powered by OpenSeadragon

197a - 198a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo