| e-texts navigator |
| Wylie |
197a1 ཁམས་ཀྱང་དེའི་ཁམས། གཟུགས་ཀྱི་ཁམས་ཀྱང་དེའི་ཁམས། གཟུགས་མྱེད་པའི་ཁམས་ཀྱང་དེའི་ཁམས། འདུས་བྱས་ཀྱི་ཁམས་ཀྱང་དེའི་ཁམས། འདུས་མ་བྱས་ཀྱང་དེའི་ཁམས་ཏེ། དེ་བས
197a2 ན་མྱ་ངན་ལས་འདས་པའི་དབྱིངས་ཤེས་བྱའོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་གཟུགས་ཀྱི་ཁམས་རྣམས་ལ། དེ་ལྟར་གཞན་གྱི་དྲིང་ལ་མྱི་འཇོག་པར་ཤེས་པ་གང་ཡིན་པ་དང་། ཁམས་ཤེས་པ་ཞེས་བྱའོ།། རྣམ་པར
197a3 འཕྲུལ་བའི་རྒྱལ་པོ་དེ་ལ་སྐྱེ་མཆེད་ཤེས་པ་གང་ཞེ་ན། མྱིག་ནི་རང་བཞིན་ལས་མ་སྐྱེས་ཤིང་མ་བྱུང་བ་སྟེ། དེ་ལ་བྱེད་པ་པོ་གང་ཡང་མྱེད་དོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བཞིན་དུ། རྣ་བ་དང་། སྣ་དང་། ལྕེ་དང་།
197a4 ལུས་དང་། ཡིད་ཀྱང་རང་བཞིན་ལས་མ་སྐྱེས་ཤིང་། མ་བྱུང་བ་སྟེ། དེ་ལ་བྱེད་པ་པོ་གང་ཡང་མྱེད་དོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་མྱིག་ནི་བདག་པོ་མྱེད་པ་སྟེ། དེ་ལ་ལྟ་བ་པོ་གང་ཡང་མྱེད་དོ།། རྣབ
197a5 ནི་བདག་པོ་མྱེད་པ་སྟེ། དེ་ལ་ཉན་པ་པོ་གང་ཡང་མྱེད་དོ།། སྣ་ནི་བད་ག་པོ་མྱེད་པ་སྟེ། དེ་ལ་སྣོམ་པ་པོ་གང་ཡང་མྱེད་དོ།། ལྕེ་ནི་བདག་པོ་མྱེད་པ་སྟེ། དེ་ལ་མྱོང་བ་པོ་གང་ཡང་མྱེད་དོ།། ལུས་ནི་བདག་པོ
197a6 མྱེད་པ་སྟེ། དེ་ལ་རེག་པ་པོ་གང་ཡང་མྱེད་དོ།། ཡིད་ནི་བདག་པོ་མྱེད་པ་སྟེ། དེ་ལ་ཤེས་པ་པོ་གང་ཡང་མྱེད་དོ།། རྣམ་པར་འཕྲུལ་པའི་རྒྱལ་པོ། མྱིག་གི་རང་བཞིན་གཟུགས་མྱི་མཐོང་། རྣ་བའི་རང་བཞིན་སྒྲ་མྱི་ཉན
197a7 སྣའི་རང་བཞིན་དྲི་མྱི་སྣོམ། ལྕེའི་རང་བཞིན་རོ་མྱོང་བར་མྱི་བྱེད། ལུས་ཀྱི་རང་བཞིན་རེག་བྱ་བ་ལ་རེག་པར་མྱི་བྱེད། ཡིད་ཀྱི་རང་བཞིན་ཆོས་ཤེས་པར་མྱི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། མྱིག་ནི་བྱེད་པ་མྱེད་པ་སྟེ། བརྫ་དང་།
197a8 ཤིང་དང་། རྩིག་པ་དང་། གྱོ་མོ་ལྟ་བུ་ཡིན་པ་དང་། དེ་བཞིན་དུ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་བྱེད་པ་མྱེད་པ་སྟེ། བརྞ་དང་། ཤིང་དང་། རྩིག་པ་དང་། གྱོ་མོ་ལྟ་བུ་ཡིན་པའི་ཕྱིར་རོ།། རྣམ་པར་འཕྲུལ
197a9 བའི་རྒྱལ་པོ། མྱིག་ནི་ཆགས་པ་ཡང་མ་ཡིན། ཆགས་པ་མྱེད་པ་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། མྱིག་ནི་རང་བཞིན་གྱིས་ཆགས་པ་མྱེད་པའི་ཕྱིར་རོ།། རྣམ་པར་འཕྲུལ་པའི་རྒྱལ་པོ། རྔ་བ་དང་། སྣ་དང་། ལྕེ་དང་།