e-texts navigator
Collection
Volume
Page
Wylie

196b1 འདི་ལྟ་སྟེ། ཕུང་པོའི་ཤེས་པ་དང་། ཁམས་ཤེས་པ་དང་། སྐྱེ་མཆེད་ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་དང་། བདེན་པ་ཤེས་པའོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་ཕུང་པོ་ཤེས་པ་གང་ཞེ་ན།
196b2 གཟུགས་སྟོང་པ་དང་། གཟུགས་ཀྱི་སྔོན་གི་མཐར་སྟོང་པ་དང་། གཟུགས་ཀྱི་ཕྱི་མའི་མཐར་སྟོང་པ་དང་། གཟུགས་ཀྱི་དབུས་སྟོང་པ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་།
196b3 འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པ་དང་། རྣམ་པར་ཤེས་པའི་སྔོན་གི་མཐར་སྟོང་པ་དང་། རྣམ་པར་ཤེས་པའི་ཕྱི་མའི་མཐར་སྟོང་པ་དང་། རྣམ་པར་ཤེས་པའི་དབུས་སྟོང་པ་ཡིན་ཏེ། ཉེ་བར་ལེན
196b4 བའི་ཕུང་པོ་ལྔ་པོ་དེ་དག་སྟོང་ཞིང་ཤིན་ཏུ་སྟོང་པར་ཤེས་པ་དེ་ནི་ཕུང་པོ་ཤེས་པ་ཞེས་བྱའོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་ཁམས་ཤེས་པ་གང་ཞེ་ན། སའི་ཁམས་ཆོས་ཀྱི་དབྱིངས་དང་། ཆུའི་ཁམས་ཆོས
196b5 གྱི་དབྱིངས། མྱེའི་ཁམས་ཆོས་ཀྱི་དབྱིངས།། རླུང་གི་ཁམས་ཆོས་ཀྱི་དབྱིངས། དེ་ཅིའི་ཕྱིར་ཞེ་ན། ཁམས་བཞི་པོ་དེ་དག་ཐ་མས་ཅད་ཆོས་ཀྱི་དབྱིངས་སུ་ཁམས་གཅིག་སྟེ། འདི་ལྟ་སྟེ།
196b6 ནམ་མཁའི་ཁམས་ཡིན་ལ་ནམ་མཁའི་ཁམས་དང་། ཆོས་ཀྱི་དབྱིངས་དེ་ནི་དབྱིངས་མ་ཡིན་ཏེ། དེ་ནི་སའི་ཁམས་མ་ཡིན་ཆུའི་ཁམས་མ་ཡིན། མྱེའི་ཁམས་ཡིན། རླུང་གི་ཁམས
196b7 ཡིན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། འགྱུར་བའ་མྱེད་པའི་དབྱིངས་ནི་ཆོས་ཀྱི་དབྱིངས་གཉིས་སུ་མྱེད་པའི་དབྱིངས་ནི་ཆོས་ཀྱི་དབྱིངས་སྐྱེ་བ་མྱེད་པའི་དབྱིངས་ནི་ཆོས་ཀྱི་དབྱིངས།། ཀུན་ནས་ཉོན་མོངས་པ་མྱེད་པའི
196b8 དབྱིངས་ནི་ཆོས་ཀྱི་དབྱིངས།། ཤིན་ཏུ་རྣམ་པར་དག་པའི་དབྱིངས་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ཇི་འདྲ་བར་བདག་གྱི་དབྱིངས་ཀྱང་དེ་བཞིན། སེམས་ཀྱི་དབྱིངས་ཀྱང་དེ་བཞིན། སྲོག་གྱི་དབྱིངས་ཀྱང
196b9 དེ་བཞིན། གང་ཟག་གི་དབྱིངས་ཀྱང་དེ་བཞིན། འཁོར་བའི་དབྱིངས་ཀྱང་དེ་བཞིན། མྱ་ངན་ལས་འདས་པའི་དབྱིངས་ཀྱང་དེ་བཞིན་ཏེ། མྱ་ངན་ལས་འདས་པའི་དབྱིངས་ཇི་ལྟ་བ། དེ་བཞིན་དུ་འདོད་པའི




iiif viewer powered by OpenSeadragon

196a - 197a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo