e-texts navigator
Collection
Volume
Page
Wylie

195b1 རང་སྡང་ངོ་།། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་མ། ཤིང་ངམ། ཕ་གང་དག་ཡོད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར། མར་བྱེ་དང་ཡོད་འཆབ་དུ་བྱིན་གྱིས
195b2 ཚབས་ཏེ། དེ་དག་ཀྱང་འབར་ཞིང་མར་མྱེ་དང་། ཡོན་ཆབ་ཀྱི་ཆར་འབབ་པར་སྣང་ངོ་།། སེམས་ཅད་ཐམས་ཅད་ཀྱི་མདུན་དུ་ཡང་བདག་གི་ལུལ་ཉེ་བར་སྟོན་ཏོ།། བརྒྱ་བྱིན་དུ་སྟོནད་པ་འམ། ཚངས་པར་སྟོན་པ
195b3 འམ། ཉན་ཐོས་སུ་སྟོན་པ་འམ། རང་སངས་རྒྱས་སུ་སྟོན་པ་འམ། སངས་རྒྱས་སུ་སྟོན་པ་ཇི་ལྟར་མོས་པའི་གཟུགས་སུ་སྟོན་ཏོ།། རྣམ་པར་འཕྲུལ་བའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན
195b4 པར་ཤེས་པའི་རྣམ་པར་འཕྲུལ་པ་སྟེ། འདི་ལྟ་སྟེ། ལྔའི་མྱིག་ཀནུ་དགས་ལྟ་བ་ལ་ཐོགས་པ་མྱེད་པ་དང་། ལྷའི་རྣ་བ་སྒྲ་ཉན་པ་ལ་སྒྲིབ་པ་མྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ
195b5 ཤེས་པ་ལ་ཐོགས་པ་མྱེད་པའི་ཤེས་པ་མྱེད་པ་ཉིད་དང་། བསྐུལ་བ་གྲངས་མྱེད་པ་རྗེས་སུ་དྲན་ཞིང་བསྐལ་པ་གྲངས་མྱེད་པར་ཀན་ས་པ་ལ་ཐོགས་པ་མྱེད་པ་དང་། བསྒྲིབ་པ་མྱེད་པ་དང་། ཐམས
195b6 ཅད་ཉེ་བར་སྟོན་ཅིང་། ལེན་པ་མྱེད་པ་དང་། དོར་བ་མྱེད་པར་བྱེད་པ་འདི་ནི། མངོན་པར་ཤེས་པ་རྣམ་པར་འཕྲུལ་པ་ཞེས་བྱ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ། སངས་རྒྱས་ཐམས་ཅད་བསྟནད་པར་བྱ་བའི་མངོན་པར
195b7 ཤེས་པ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པའི་མངོན་པར་ཤེས་པ་གང་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པས་འདུལ་བའི་མངོན་པར་ཤེས་པ་གང་ཡིན་པ་དང་།
195b8 རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་མངོན་པར་ཤེས་པ་གང་ཡིན་པ་དང་། ཐེག་པ་ཆེན་པོས་འདུལ་བའི་མངོན་པར་ཤེས་པ་གང་ཡིན་པ་དང་། འཆི་འཕོ་དང་སྐྱེ་བ་དག་མངོན་པར་ཤེས་པ་གང་ཡིན་པ་དང་། སེཾས
195b9 ཅན་ཡོངས་སུ་སྨྱིན་པར་བྱ་བ་ཤེས་པའི་མངོན་པར་ཤེས་པ་གང་ཡིན་པ་དང་། མངོན་པར་འབྱུང་བ་ཡང་དག་པར་ཤེས་པ་སྤྱོད་པ་དག་མངོན་པར་ཤེས་པ་གང་ཡིན་པ་དང་། ཐབས་མཁས་པ་མངོན་པར་ཤེས་པ་གང




iiif viewer powered by OpenSeadragon

195a - 196a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo