e-texts navigator
Collection
Volume
Page
Wylie

195a1 སེམས་ཅན་མངལ་གྱི་གནས་ན་འཁོད་ལ། བླུན་ཞིང་མྱི་གཙང་བའི་སྙིང་པོས་འཚོ་བ་དེ་དག་ཀྱང་། རྫུ་འཕྲུལ་གི་མཐུས་བཏུལ་ཏེ། མངལ་ཉིད་དུ་རིན་པོ་ཆེ་བཀོད་པའི་ཁང་པ་རྩེགས་མར་འདུག་ནས། དེ་དག་གི་ཡིད
195a2 གི་བློ་བསྐྱེད་དེ། དེ་དག་ལ་ཆོས་སྟོན། བཙས་ཏེ་དབང་པོ་མ་སྦྱིན་པ་རྣམས་ཀྱང་། རྫུ་འཕྲུལ་གི་མཐུས། ངག་གི་ལས་ཀྱི་རྣམ་པར་རིག་བྱེད་ཀྱིས་བྱིས་པ་རྣམས་ལ་ཆོས་སྟོན་ཏོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ
195a3 དེ་རྫུ་འཕྲུལ་དེ་ལྟ་བུ་དང་ལྡན་པས། ཆོ་འཕྲུལ་བསམ་གྱིས་མྱ་ཁྱབ་པའི་གཞན་དག་གིས་ཆོས་ཀྱང་སྟོན་ཏེ། དེ་ཟླ་བ་དང་ཉི་མ་ལ་མོས་པའི་སེམས་ཅན་རྣམས་འདུལ་བའི་ཕྱིར། ཟླ་བ་དང་ཉི་མོའི་གཞལ་མྱེད་ཁང་རྣམས་ན་ཟླ་བ་དང
195a4 ཉི་མ་ལྟར་སྣང་ཞིང་རྫུ་འཕྲུལ་གི་མཐུས་ཀྱང་། ཟླ་བ་དང་ཉི་མའི་དཀྱིལ་ལཁོར་དང་། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ལག་ཟིལ་དུ་བཞག་སྟེ། འཇིག་རྟེན་གི་ཁམས་མཐའ་ཡས་པར་འགྲོའོ།།
195a5 དེ་འགྲོ་བར་ཡང་སྣང་ལ། གཞི་ནས་གཡོས་པ་ཡང་མྱེད་དོ།། དེ། འདོད་ན་སངས་རྒྱས་ཀྱི་ཞིང་གང་འགའི་ཀླུང་གི་བྱེ་མ་སྙེད་དག། སྐུའི། དྲ་བ་གཅིག་ཏུ་བཅུག་ནས་ཚངས་པའི་འཇིག་རྟེན་དུ་འདུག་ཅིང་། འཇིག
195a6 རྟེན་གི་ཁམས་མཐའ་ཡས་པར་འཕེན་ཀྱང་། སེམས་ཅན་གང་ལ་ཡང་གནོད་པར་མྱི་འགྱུར་ལ། སླར་ཡང་གནས་ཇི་ལྟ་བ་ཉིད་དུ་འཇུག་ཀྱང་། སེམས་ཅན་རྣམས་ཀྱིས་བདག་ཅག་ཁྱེར་བ་འམ། སླར་བླངས་པར་མྱི
195a7 ཤེས་སོ་ཁའི་དབུགས་གཅིག་གིས་ཀྱང་སྲེག་པའི་བསྐལ་པའི་གང་འགའི་ཀླུང་གི་བྱེ་མ་སྙེད་དག་ཞི་བར་བྱེད་དོ།། སྐྱིལ་མོ་ཀྲུང་གཅིག་དུ་འདུག་པས་ཀྱང་། སངས་རྒྱས་ཀྱི་ཞིང་གང་འགའི་བྱེ་མ་སྙེད་དུ་འགྲེའོ།། ལག་པ་གཉིས
195a8 ཀྱིས་ཉི་མ་དང་། ཟླ་བ་བསྒྲིབས་ཏེ་སངས་རྒྱས་ཀྱི་ཞིང་དེ་དག་ཀྱང་སྣང་བར་བྱས་ནས་ཆོས་སྟོན་ཏོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ། གལ་ཏེ་དེ་བཞིན་གཤེགས་པའི་སྨྲ་བ་ན་འདུག་པར་གྱུར་པ་ལ
195a9 དེ་འདོད་ན་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར། མེ་ཏོག་གི་ཕུར་མ་རི་རབ་ལྟ་བུ་དང་། དེ་བཞིན་གཤེགས་པོའི་སྐུ་ལ་འཐོར་ཞིང་། མེ་ཏོག་གི་ཕུར་མ་དེ་དག་ཀྱང་གཏོར་མ་ཐག་ཏུ། དེ་བཞིན་གཤེགས་པའི་སྐུའི




iiif viewer powered by OpenSeadragon

194b - 195b

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo