e-texts navigator
Collection
Volume
Page
Wylie

194b1 པོས་ཁྱེབས་པར་བྱས་ནས། དེའི་དབུས་སུ་སེང་གེའི་ཁྲི་མངོན་པར་སྤྲུལ་ཏེ། དེ་ལ་བདག་འདུག་ནས། ཆོས་སྟོན་སེམས་ཅན་ཁ་གཅིག་ལ་ནི་རི་རབ་ཀྱི་རྩེ་མོ་ལ་བདག་འདུག་པར་བསྟན་ནས།། ཚངས་པའི
194b2 སྨར་སྨྲ་བར་དབྱངས་ཀྱིས་ཆོས་སྟོན། སེམས་ཅད་ཁ་གཅིག་ལ་ནི་ལུས་མྱི་སྣང་བར་སྨྲ་བསྟན་པར་གྲག་པའི་རྣམ་པར་རིག་བྱེད་ཀྱིས་ཆོས་སྟོདང་། སེམས་ཅན་ཁ་གཅིག་ལ་ནི་དྲི་ཟའི་གཟུགས་ཀྱིས། ཀླུ་དང་། རོལ་མོན
194b3 དབྱངས་སྒྲ་དགའ་བའི་སྦྱོར་བས་ཆོས་སྟོན། སེམས་ཅན་ཁ་གཅིག་ལ་ནི། ཀླུའི་དཀྱིལ་འཁོར་གྱི་སྦྱོར་བས།། སྤྲིན་དང་། འབྲུག་སྒྲ་དང་། སྲོག་དང་། ཆར་གྱི་རྒྱུན་འབབ་པ་བསྟན་ནས་ཆོས་སྟོན།། བཀྲེས་པ་དང་། སྒོམ་པ
194b4 ཉེད་པ་ཁ་གཅིག་ལ་ནཱི། ལྷའི་བཟའ་བ་དང་། བཏུང་བ་བྱིན་ནས། བདེ་བར་གྱུར་ད་པ་ལ་ཆོས་སྟོན། སེམས་ཅནད་དམྱལ་བའི་སེམས་ཅན་གང་དག་སྡུག་བསྔལ་གྱིས་ཤིན་ཏུ་གཟི་རང་བ་དེ་དག་ལ་ནི
194b5 རྫུ་འཕྲུལ་གྱི་མཐུས་སེམས་ཅན་དམྱལ་བའི་མེ་ཞི་བས་བྱས་ནས་སྤུའི་བུ་ག་ཐམས་ཅད་དུ་གཟི་བྱིན་བཅུག་སྟེ། བདེ་བ་ཐོབ་པར་གྱུར། ད་པ་རྣམས་ལ་ཆོས་སྟོན། སེམས་ཅན་ལོང་བ་རྣམས་ལ་ནི་རྫུ
194b6 འཕྲུལ་གྱི་མཐུས་མྱིག་བྱིན་ཏེ། མྱིག་དང་ལྡན་པར་གྱུར་ད་པ་ལ་ཆོས་སྟོན། སེམས་ཅན་གང་དག་རྣ་བ་དང་བྲལ་ཞིང་འོན་པར་གྱུར་པ་དེ་དག་ལ་ནི། རྫུ་འཕྲུལ་གི་མཐུས་རྣ་བ་དང་ལྡན་པར་བྱས་ཏེ། དེ་དག་ལ་ཆོས་སྟོན
194b7 སེམས་ཅན་གང་ལྔ་ཚོགས་ཀྱིས་གཟིར་བ་དེ་དག་ལ་ནི། ནང་མྱེད་པར་བྱས་ནས། རང་དང་བྲལ་བ་རྣམས་ལ་ཆོས་སྟོད། སེམས་ཅན་གང་དག་གསང་དུ་ཞིད་ཅིང་སྲོག་གི་པར་ཆད་གྱུར་པ་དེ་དག་གི་ཕྱིར་མི
194b8 འཕྲུལ་གི་མཐུས་དེ་དང་འདྲ་བ་གཞན་དག་སྤྲུལ་ཏེ་བསམས་ནས། དེ་དག་པ་རང་པར་བྱས་ཏེ། སྲོག་གི་དབུགས་ཕྱིན་པར་གྱུར་པ་རྣམས་ལ་ཆོས་སྟོད། སེམས་ཅད་ཡན་ལག་དང་ཉིང་ལག་ཉམས་ཤིང་། དབང་པོ་དང
194b9 བྲལ་བ་མྱི་སྡུག་པ་མྱི་འཇིགས་པ་མྱེད་པ་སེམས་ཅན་རང་གི་ལུས་ལ་ཞུམ་པ་དེ་དག་ལ་ཡང་རྫུ་འཕྲུལ་གི་མཐུས་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་བྱས་པའི་འོག་དུ། གཟུགས་བཟང་པོ་ཅན་ལ་ཆོས་སྟོན།




iiif viewer powered by OpenSeadragon

194a - 195a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo