e-texts navigator
Collection
Volume
Page
Wylie

194a1 སེམས་ཅན་གང་དག་རྟག་པར་འདུ་ཤེས་པ་དེ་དག་ལ་སྲེག་པའི་བསྐལ་བ་ཉེ་བར་སྟོན་ཏེ།། དེ་ན་སྟོང་གསུམ་ཀི་འཇིག་རྟེན་གི་ཁམས་ཚིག་པར་དེ་དག་གིས་མཐོང་ལ། འཇིག་རྟེན་གི་ཁམས་དེ་ཞིག་པར
194a2 ཡང་མྱི་འགྱུར་རོ།། སེམས་ཅན་གང་དག་ལྷག་པའི་ང་རྒྱལ་ཅན་དེ་དག་ལ་ནི།། གནོད་སྦྱིན་ལག་ན་རྡོ་རྗེའི་གཟུགས་སུ་ཉེ་བར་སྟོནད་ཏེ།། རྡོ་རྗེའི་བར་ལ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ།། རབ་ཏུ་འ་འཇིགས་པར
194a3 བྱེད་པ་དེ་དག་འཇིགས་པར་བྱས་ནས། དེ་དག་ང་རྒྱལ་མྱེད་པར་འགྱུར་ཏེ། དེ་ལ་ཕྱག་འཚལ་ལོ།། གང་དག་འཁོར་ལོས་བསྒྱུར་བའི་ཁ་དོག་ལ་མོས་པ་དེ་དག་ལ་ནི།། འཁོར་ལོས་བསྒྱུར་བའི་ཁ་དོག་དང་། གཟུགས
194a4 ཀྱིས་ཆོས་སྟོན། གང་དག་བརྒྱ་བྱིན་གི་ཁ་དོག་ལ་མོས་པ་དེ་དག་ལ་ནི་བརྒྱ་བྱིན་གྱི་ཁ་དོག་དང་། གཟུགས་ཀྱིས་ཆོས་སྟོན། གང་དག་བདུད་ཀྱི་ཁ་དྲོག་ལ་མོས་པ་དེ་དག་ལ་ནི། བདུད་ཀྱི་ཁ་དོག་དང་། གཟུགས་ཀྱིས
194a5 ཆོས་སྟོན་ད། སེམས་ཅན་གང་དག་ཚངས་པའི་ཁ་དོག་ལ་མོས་པ་དེ་དག་ལ་ནི་ཚངས་པའི་ཁ་དོག་དང་། གཟུགས་ཀྱིས་ཆོས་སྟོན།། གང་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཁ་དོག་ལ་མོས་པ་དེ
194a6 ངག་ལ་ནི། དེ་ལྟ་བུའི་ཁ་དོག་དང་། གཟུགས་ཉིད་ཀྱིས་ཆོས་སྟོན་སེམས་ཅན་གང་དག་སངས་རྒྱས་ཀྱི་ཁ་དོག་ལ་མོས་པ་དེ་དག་ལ་ནི་སངས་རྒྱས་ཀྱི་ཁ་དོག་དང་གཟུགས་ཀྱིས་ཆོས་སྟོནད་ཏོ།། དེ་སེས
194a7 ཅན་ཁ་གཅིག་ལ། ནམ་ཀ་ལ་དཀྱིལ་མོ་ཀྲུང་དུ་འདུག་ནས། འོད་རྣམས་ལས་འོད་གཟེར་ཕྱུང་སྟེ། ཆོས་སྟོནད་ཏོ།། དེ་སེམས་ཅན་རྒྱ་ཆེན་པོ་ལ་མོས་པ་རྣམས་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས
194a8 ཐམས་ཅད་བླ་རེ་བྲིས། དང་གི་ཆུན་ཀོར་གི་འཕྲེང་བ་སྦྱངས། གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་བརྒྱན། དྲིལ་བུའི་དྲ་བ་བསྐྱོད། མེ་ཏོག་སྣ་ཚོགས་བཀྲམ་གདུག་པས་གདུགས། སིལ་བསྙན་འབུམ
194a9 ཕྲག་དུ་མ་སིལ་བསྟན་ནས་ཆོས་སྟོན། སེམས་ཅན་ཁ་གཅིག་ལ་ནི་སྟོང་གསུམ་གི་འཇིག་རྟེན་གི་ཁམས་ཐམས་ཅད་རྒྱ་མཚོའི་གཅིག་དུ་བྱིན་གྱིས་བརླབས་མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ཏ་དང་། པད་མ་དཀ




iiif viewer powered by OpenSeadragon

193b - 194b

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo