| e-texts navigator |
| Wylie |
193b1 དུ། སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་དང་། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དེ་དག་ཀྱང་ཟད་པའི་ཆོས་ཉིད་ཀྱིས་ཟད་པ་ཡིན་ཏེ། དེ་བས་ན་བདག་གི་ཡོངས་སུ་གཟུང་བ་འདི་ཡང་མྱི་རྟག་གོ་སྙམ་དུ་སེམས་ཤིང་། དེ་བདག་གི
193b2 ཡོངས་སུ་གཟུང་བ་མྱི་རྟག་པ་ཉིད་ལ་ཡང་རྟོན། འགྱུར་བ་ལ་ཡང་རྟོན་ཏོ།། དེ་འདི་སྙམ་དུ་ཡང་སེམས་ཏེ། ཨེ་མའོ་འདུ་བྱེད་ཐམས་ཅད་ཤིན་ཏུ་མྱི་རྟག་ན། སེམས་ཅན་རྣམས་ནི་རྟག་པར་འདུ་ཤེས་སོ་སྙམ་དུ།
193b3 དེ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ་ཞིང་།། དངོས་པོ་ཐམས་ཅད་ལ་མྱི་ལྟ་བར་འགྱུར་རོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ནི། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་བཞི་པ་སྟེ།
193b4 དངོ་པོ་ཐམས་ཅད་མྱི་རྟག་པར་ཡང་རྟོགས་ལ། སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར་སྲིད་པ་རྣམས་སུ་བསམས་བཞིན་དུ་སྐྱེ་བ་དང་། ཡོངས་སུ་འཛིནད་པ་མྱེད་པར་བྱ་བའི་ཕྱིར། ཡོངས་སུ་གཟུང་བ
193b5 ཡོངས་སུ་འཛིནད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱ་བའི་ཉིད་ཀྱི་ཕྱིར། ཉེ་བར་ལེན་པ་མྱེད་པ་ཉེ་བར་ལེན་ཏོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས
193b6 ཀྱི་རྫུ་འཕྲུལ་གི་རྣམ་པར་འཕྲུལ་པ་གང་ཞེ་ན། རྣམ་པར་འཕྲུལ་བའི་རྒྱལ་པོ་འདི་ལ་བྱང་ཆུབ་སེམས་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་ལས་སེམས་ལ་དབང་བའི་རྣམ་པ
193b7 མངོན་པར་བསྒྲུབས་པོའི་རྫུ་འཕྲུལ་གི་རྐང་པ་ཐོབ་སྟེ། དེ་ཤིན་ཏུ་ཆེར་མངོན་པར་འདུས་བྱས་པ་མྱེད་པར་རྫུ་འཕྲུལ་མངོན་ཏུ་ཐོབ་པོ། དེ་འདོད་ན་སེམས་བསྐྱེད་པ་གཅིག་གྱིས། འཇིག་རྟེན་གི་ཁམས་གང་གའི་ཀླུང་གི
193b8 ཀླུང་གི་བྱེ་མ་སྙེད་དག་ཏུ།། འགྲོ་ཞིང་རེར་སོང་བར་ཡང་ཤེས་ལ། འདི་ནས་ཀྱང་མྱི་གཡོའོ།། དེ་ན་ཆོས་སྟོནད་པར་ཡང་སྣང་ལ་འདི་ན་གཏམ་བརྗོད་པའི་རྒྱུན་ཡང་མྱི་འཆད་དོ།། རྣམ་པར་འཕྲུལ་པའི་རྒྱལ་པོ
193b9 འདི་ནི། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གི་རྣམ་པར་འཕྲུལ་པ་སྟེ། རྣམ་པར་འཕྲུལ་བ་དེས་རྫུ་འཕྲུལ་གི་ཆོ་འཕྲུལ་གྱིས་གདུལ་བའི་སེམས་ཅན་རྣམས་ལ་འདུལ་བར་བྱེད་དེ། ལྷ་ཡང་རུང་། མྱི་ཡང་རུང་།