| e-texts navigator |
| Wylie |
193a1 སྔོན་བྱས་པ་ཡང་ཡོངས་སུ་ཟད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཆོས་ཐམས་ཅད་ས་རད་པ་མ་ཡིན་པ་དང་། སྙིང་བ་མ་ཡིན་པར་ཤེས་པའི་ཕྱིར་རོ།། དེ་ཤེས་པ་དེ་ལྟ་བུ་དང་ལྡན་པ་འདུ་བྱེད་དུ
193a2 རྟོགས་པ་རྣམས་མྱི་ལ་ལྟ་བུར་མོས་པར་བྱེད་དེ། འདི་ལྟ་སྟེ་དཔེར་ན་རྨྱི་ལམ་ན་སྐྱེ་བ་དང་། འཆི་བ་དང་། བདེ་བ་དང་། སྡུག་བསྔལ་སྐྱི་བ་དེ་བཞིན་དུ། འདུ་བྱེད་ཐམས་ཅད་ལ་མོས་པར་བྱེད་དོ།། དེ་དེ་ལྟར་མོས་པས། འཁོར
193a3 བས་སྐྱོ་བར་མྱི་འགྱུར་ལ། སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་བར་འགྱུར་རོ།། ཆོས་ཐམས་ཅད་ལ་བཅོས་མའི་འདུ་ཤེས་སུ་འགྱུར་ཏེ།། དེ་འདི་སྙམ་དུ་བདག་བསྐལ་པ་སྟོང་ཕྲག་འདི་སྙེད་གཅིག་དུ་འཁོར་བར་གྱུརས
193a4 པ་དེ་ཡང་དག་པ་མ་ཡིན་ཞིང་མྱེད་པའོ།། འབྱུང་བ་ཆེན་པོ་རྣམས་ནི་མྱེད་པས་གང་འབྱུང་བ་ཆེན་པོ་རྣམས་ཀྱི་སྲིད་པའི་སེམས་ཅན་མས་ཅད་ཀྱི་འཁོར་བ་ཡང་དེ་བཞིན་ཏེ། ཡང་དག་པ་མ་ཡིན་ཞིང
193a5 མྱེད་པའོ་སྙམ་དུ་སེམས་སོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་སྔོན་གི་གནས་རྗེས་སུ་དྲན་པ་དེ་འབྱུང་བ། རྣམས་དང་། འདུ་བྱེད་རྣམས་མྱི་རྟག་པ་ཉིད་དུ་མཐོང་སྟེ། དེ་ཅིའི
193a6 ཕྱིར་ཞེ་ན། དེ་ནི་འཁོར་ལོ་བསྒྱུར་བའི་བདེ་བ་རྗེས་སུ་དྲན་ལ། དེ་ཡང་མྱི་རྟག་པ་དང་། འགྱུར་བའི་ཆོས་ཅན།། བརྒྱ་བྱིན་གྱི་བདེ་བ་རྗེས་སུ་དྲན་ལ། དེ་ཡང་མྱི་རྟག་པ་དང་། འགྱུར་བའི་ཆོས་ཅན་ཡིན། ཚངས་པའི་བདེ
193a7 བ་རྗེས་སུ་དྲན་ལ། དེ་ཡང་མྱི་རྟག་པ་དང་། འགྱུར་བའི་ཆོས་ཅན་ཡིན་ནོ།། སྔོན་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་། ཉན་ཐོས་ཀྱི་ཡོན་ཏན་བཀོད་པ་དང་། བྱང་ཆུབ་སེམས
193a8 དཔའི་ཡོན་ཏན་བཀོད་པ་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་རྗེས་སུ་དྲན་ཞིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་གཟུགས་ཀྱི་སྐུ་ཕུན་གསུམ་ཚོགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ཕུན་གསུམ་ཚོགས
193a9 བ་ཡང་རྗེས་སུ་དྲན་ནོ།། དེ་དེ་ལྟར་རྗེས་སུ་དྲན་པ་ན། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་མྱི་ལྟ་བའི་འདུ་ཤེས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ