e-texts navigator
Collection
Volume
Page
Wylie

192a1 འཁོར་ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་ཡིན་ན་ཡང་། སྤྱོད་པ་དེ་ཁོ་ན་བཞིན་དུ་ཤེས་ཏེ། ཆོས་ཀྱི་དབྱིངས་ཆུང་བར་ཡང་མྱི་བྱེད་དོ།། གལ་ཏེ་འཁོར་རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་ཡིན་ན་ཡང།
192a2 སྤྱོད་པ་ཁོ་ན་བཞིན་དུ་ཤེས་ཏེ།། ཆོས་ཀྱི་དབྱིངས་འབྲིང་དུ་ཡང་མྱི་བྱེད་དོ།། གལ་ཏེ་འཁོར་ཐེག་པ་ཆེན་པོ་ལ་མོས་པ་ཡིན་ན་ཡང་། སྤྱོད་པ་དེ་ཁོ་ན་བཞིན་དུ་ཤེས་ཏེ། ཆོས་ཀྱི་དབྱིངས་མཆོག་ཏུ་ཡང་མྱི་བྱེད་དོ།། དེ
192a3 སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཁམས་ཀྱི་སྤྱོད་པ་ཤེས་པས་ཀྱང་ཆོས་སྟོན་ལ། སེམས་ཀྱི་རང་བཞིན་ལ་རྣམ་པར་རྟོག་པར་ཡང་མྱི་བྱེད་དོ།། ཐེག་པ་ཐམས་ཅད་རྣམ་པར་འཇོག་པས་ཀྱང་ཆོས་སྟོན་ལ། ཆོས་ཀྱི
192a4 དབྱིངས་ཐ་དད་པར་ཡང་མྱི་བྱེད་དོ།། ཆོས་ཀྱི་དབྱིངས་ཐ་དད་པ་ར་མྱེད་པས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་ཤེས་སོ།། དེ་སེམས་ཀྱིས་སེམས་ལ་རྣམ་པར་ལྟ་ལ། སེམས་ཀྱིས་སེམས
192a5 ལ་ལ་སྦྱོར་བར་ཡང་མྱི་བྱེད་ཅིང་།། མྱི་མཐུན་པར་ཡང་མྱི་བྱེད། དོ།། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་དབྱིངས་དེ་དག། ཀྱང་རབ་ཏུ་ཤེས་སོ།། ཆོས་ཀྱི་དབྱིངས་གང་ཡིན་པ་དེ། སེམས
192a6 ཅན་དབྱིངས་ཡིན་པར་རབ་ཏུ་ཤེས་སོ།། རྣམ་པར་འཕྲུལ་པོའི་རྒྱལ་པོ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཕ་རོལ་གྱི་སེམས་ཤེས་པའི་མ་དོན་པར་ཤེས་པ་འཐོབ་སྟེ། མངོན་པར་ཤེས་པ་དེས། ལྷ་དང་བཅས
192a7 པའི་འཇིག་རྟེན་གྱི་མངོན་པར་ཤེས་སོ།། རྣམ་པར་འཕྲུལ་པའི་རྒྱལ་པོ། གཞན་ཡང་བྱང་ཆུབ་སེམས་དཔའ་སྔོན་གི་གནས་ཤེས་པ་མངོན་གསུམ་དུ་བྱེད་པའི་མངོན་པར་ཤེས་པ་འཐོབ་ཅིང་། དེ་བརྗོད་པ་མྱེད་པ་ལ
192a8 དབང་པོ་མཉམ་པར་གཞག་པས། སྔོན་གི་གནས་རྗེས་སུ་དྲན་ཏེ། དེ་བདག་དང་གཞན་དག་གི་སྔོན་གི་གནས་ལ་བསྐལ་པ་གང་འགའི་ཀླུང་གི་བྱེ་མ་སྙེད་ནས་བརྩམས་ནས། ཆོས་སྟོན་ཏོ།། ཆེ་གེ་མོ་ཞིག་ན། བདག་མྱི
192a9 ནི་འདི་ཞེས་བྱ་བར་གྱུར་ད། རིགས་ནི་འདི་ཞེས་བྱ། ཚེའི་ཚད་ནི་འདི་ཙམ་ཞིག་ཐུབ། བདེ་བ་དང་། སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ཞེས་བྱ་བ་དང་། སེམས་ཅན་གཞན་རྣམས་ཀྱི་ཡང་དེ་བཞིན་དུ་རབ་ཏུ་ཤེས་སོ།།




iiif viewer powered by OpenSeadragon

191b - 192b

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo