e-texts navigator
Collection
Volume
Page
Wylie

191b1 ཤེས་པའི་མངོན་པར་ཤེས་པ་ཐོབ་ཅིང་། སེམས་ཀྱི་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་སེམས་རབ་ཏུ་ཤེས་ཏེ། འཁོར་གང་དང་གང་དུ་ཆོས་འཆད་དུ་འགྲོ་བ་དེ་དང་པོ་ཉིད་དུ་སེམས་ཅན་གང་གི་བསམ་པ
191b2 ཇི་ལྟ་བུར་སྦྱོར་བ་ཇི་ལྟ་རྒྱུ་ཇི་ལྟ་བུ། མཚན་ཉིད་ཇི་ལྟ་བུ་ཡིན་སྙམ་དུ་འཁོར་གི་སེམས་ལ་རྣམ་པར་བལྟ་སྟེ། བལྟས་དས་ཀྱིས་དེ་བཞིན་དུ་ཆོས་སྟོན་ཏོ།། དེ་རང་གི་སེམས་ཡོངས་སུ་དག་པས་འཁོར་གི་སེམས་ཡོངས
191b3 སུ་དག་པ་རྗེས་སུ་འཇུག་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ལྟ་སྟེ། དཔེར་ན་མེ་ལོང་གྱི་དཀྱིལ་འཁོར་ཡོངས་སུ་དག་པའི་ཕྱིར། མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པ་ལ། གཟུགས་སུ་སྣང་བ་ཇི་ལྟ་བུ་བསྙེད་པ
191b4 ཁ་དོག་དང་། རྟགས་དང་། དབྱིབས་ཇི་ལྟ་བུ་ཡིན་པ་དེ་ལྟ་བུ་ཉིད་གཟུགས་བརྙན་ལྷག་ཅད་མྱེད་པར་སྣང་སྟེ། མེ་ལོད་ཀྱི་དཀྱིལ་འརུ་རེ་ནི། རྣམ་པར་མྱི་རྟོག་མྱི་སེམས་ཀྱང་དེ་དག་སྡང་ངོ་།། རྣམ
191b5 པར་འཕྲུལ་བའི་རྒྱལ་པོ་དེ་བཞིན་དུ།། བྱང་ཆུབ་སེམས་དཔའ་འ། རང་གི་སེམས་ཡོངས་སུ་དག་པ་དང་། ཆོས་ཀྱི་དབྱིངས་ཀྱི་དཀྱིས་འཆར་ཡོངས་སུ་དག་པའི་ཕྱིར་རོ།། སེམས་ཅད་རྣམས་ཀྱིས
191b6 ཀྱི་སྤྱོད་པ་དེ་ལྟ་བུར་འབྱུང་བ་དེ་དག་ཐམས་ཅད་རབ་ཏུ་ཤེས་ཏེ། བྱུང་ཆུབ་སེམས་དཔའ་རང་གི་སེམས་ལ་བསྒྲིབ་པ་ཡང་མྱེད། གཞན་གྱི་སེམས་ལ་བསྒྲིལ་པ་ཡང་མྱེད་དོ།། དེ་དགས་ཏེ་འཁོར་འདོད་ཆགས
191b7 ལ་སྤྱོད་པ་ཡིན་ན་ཡ་པ། དེའི་སེམས་རབ་ཏུ་ཤེས་སོ།། འདོད་ཆགས་དང་བྲལ་བའི་སེམས་ཀྱང་ཡང་དག་པར་མཐོང་ངོ་།། དེ་ཅིའི་ཕྱིར་ལེད། སེམས་ཀྱི་རང་བཞིན་ཆགས་པ་མྱེད་པའི་ཕྱིར་རོ།། གལ་ཏེ་འཚམ
191b8 ཞེ་སྣང་ལ་སྤྱོད་པ་ཡིན་ན་ཡང་། དེའི་སེམས་རབ་ཏུ་ཤེས་སོ།། ཞེ་སྡང་དང་བྲལ་བའི་སེམས་ཡང་དག་པར་མཐོང་ངོ་།། དེ་ཅིའི་ཕྱིར་ཞེན། སེམས་ཀྱི་རང་བཞིན་ནེ་སྡང་མ་ཡིན་བའི་ཕྱིར་རོ།། ཞལ་ཏེ་འཁོར་གཏུ་སུས
191b9 ལ་སྦྱོར་པ་ཡིན་ན་ཡང་།། དེའི་སེམས་རབ་ཏུ་ཤེས་སོ།། གཏི་མུག་དང་བྲལ་བའི་སེམས་ཀྱང་ཡང་དག་པར་མཐོང་ངོ་།། དེ་ཅིའི་ཕྱིར་ཞེམ། སེམས་ཀྱི་རང་བཞིན་གཏི་མུག་མ་ཡིན་པའི་ཕྱིར་རོ།། གལ




iiif viewer powered by OpenSeadragon

191a - 192a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo