e-texts navigator
Collection
Volume
Page
Wylie

191a1 ཞེས་བྱ་བ་དེ་ནི། འབྱུང་བ་མྱེད་པའི་ཚིག་བླ་དགས་སོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་ཚིག་ཐ་དགས་ཞེས་བྱ་བ་དེ་ནི། བརྗོད་དུ་མྱེད་པའི་ཚིག་ཐ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་གང་དག
191a2 དང་གང་གིས་བརྗོད་པ་ཆོས་གང་དང་ཀཱང་བརྗོད་པའི་ཆོས་དེ་དང་དེ་ཚིག་དེ་ལ་ཡོད་པ་མ་ཡིན་ལ། གང་ཡོད་པ་མ་ཡིན་པ་དེ་བླ་དགས་ཡིན་པའི་ཕྱིར་ཏེ། དེའི་ཕྱི་ཚིག་བླ་དགས་བྱའོ།། ཚིག་ཐམས་ཅད་ནི་ཚིག་མྱེད་པ། ཚིག་དུ
191a3 བརྗོད་པ་མྱེད་པའོ།། དེ་ལ་ངས་ཚིག་བརྗོད་པ་གང་ཡིན་པ་དེ་ནི་ཚིག་མྱེད་པ་སྟེ། བརྗོད་པ་མ་སྐྱེས་ཤིང་ཡང་དག་པ་མ་ཡིན་པའི་ཕྱིར་བརྗོད་པ་མྱེད་པའོ།། དེ་ཅིའི་ཕྱིར་ཞེ་ན། གང་བརྗོད་པའི་ཚིག་ཉིད་དེ་ནི་སངས་རྒྱས
191a4 ཀྱི་ཚིག་མ་ཡིན་ཏེ། བརྗོད་དུ་མྱེད་པ་དེ་ནི་སངས་རྒྱས་ཀྱི་ཚིག་ཡིན། བའི་ཕྱིར་རོ།། དེ་བས་ན་དེ་སངས་རྒྱས་ཀྱི་ཚིག་ཅེས་བྱའོ།། ཀང་སང་ས་རྒྱས་ཀྱི་ཚིག་ལ་འཇུག་པ་དེ་ནི་ཚིག་མྱེད་པ་ལ་འཇུག་པའོ།། གལ་ཏེ
191a5 ཚིག་ལ་འཇུག་ན་སངས་རྒྱས་ཀྱི་ཚིག་ལ་འཇུག་པ་མ་ཡིན་ནོ།། རྣམ་པར།། འཕྲུལ་པའི་རྒྱལ་པོ་སངས་རྒྱས་ཀྱི་ཚིག་ལ་འཇུག་པར་འདོད་པས། ཚིག་གང་གིས་གང་ཟག་ཅེས་བྱ་བ་འམ། ཆོས་ཤེས་བསྟནད་པར
191a6 གྱུར་པ་དེ། ཚིག་ཏུ་བལྟ་བར་མྱི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གང་ལ་གཉིས་ཡོད་པ་དེ་སངས་རྒྱས་ཀྱི་ཚིག་མ་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཚིག་ནི་གཉིས་སུ་མྱེད་པའོ།། གང་ལ་སྒྲ་ཡོད་པ
191a7 དེ་ནི་སངས་རྒྱས་ཀྱི་ཚིག་མ་ཡིན་ཏེ། སངས་རྒྱས་ཀྱི་ཚིག་ནི་སྒྲ་མྱེད་པའོ།། གང་ལ་བརྗོད་པ་ཡོད་པ་དེ་སངས་རྒྱས་ཀྱི་ཚིག་མ་ཡིན་ཏེ། སངས་རྒྱས་ཀྱི་ཚིག་ནི་བརྗོད་པ་མྱེད་པའོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ
191a8 ལྟ་བས་ན། བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཚིག་ལ་ཞུགས་པ་དེ་ནི་མངོན་པར་ཤེས་པ་ཐོབ་པ་ཞེས་བྱ་སྟེ། དེ་ལྷའི་རྣ་བ་དེས་སྒྲ་ཐམས་ཅད་ཆོས་ཉིད་དང་འཐུན་པར། སངས་རྒྱས་ཀྱི་བྱང་ཆུབ་རྟོགས་པར
191a9 བྱེད་དོ།། རྣམ་པར་འཕྲུལ་བའི་རྒྱལ་པོ། འདི་ལྟ་སྟེ། ལྷའི་རྣ་བ་འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་གཉིས་པའོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཕ་རོལ་གྱི་སེམས




iiif viewer powered by OpenSeadragon

190b - 191b

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo