e-texts navigator
Collection
Volume
Page
Wylie

190b1 ལྟ་བུ་དང་། དབེན་པ་དང་། ངོ་བོ་ཉིད་མྱེད་པ་དང་། གཟུགས་མྱེད་པ་དང་། བསྟནད་ཏུ་མྱེད་པ་དང་། ཐོགས་པ་མྱེད་པ་དང་། རྣམ་པར་རིག་པ་མ་ཡིན་པར་ཤེས་པའི་ཕྱིར་ཏེ། གང་རྣམ་པར་ཤེས་པ་དེ་ལྟར་རྟོགས་པ་དེ་ནི་ཡེ་ཤེས
190b2 ཡིན་ནོ།། དེ་ཡིས་ཤེས་ལེ་རྟོན་པ་ཡིན་ཀི། རྣམ་པར་ཤེས་པའི་རྗེས་སུ་མྱི་རྒྱུག་ཀྱང་། གཞན་དག་ལ་རྣམ་པར་ཤེས་པ་དེ་སྟོན་ཏེ། དེ་ལ་མཚན་མར་ཡང་མྱི་འཛིན་ཅིང་། དེ་རྣམ་པར་ཤེས་པ་ལ།། ཡེ་ཤེས་སོ་ཞེས་ཀུན
190b3 བསྐྱེད་དོ།། རྣམ་པར་ཤེས་པའམ། ཡེ་ཤེས་ལ་མངོན་པར་ཞེན་པར་ཡང་མྱི་འགྱུར་རོ།། རྣམ་པར་ཤེས་པའི་དེ་ཁོ་ན་ལ་མངོན་པར་ཞེན་པས། ཡེ་ཤེས་ཀྱི་དེ་ཁོ་ན་མྱི་བརྗོད་དོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང
190b4 ཆུབ་སེམས་དཔའ་གང་ཡེ་ཤེས་ལ་བརྟོན་པ་དེ་ནི། རྣམ་པར་ཤེས་པ་དང་ལྡན་གཅིག་མྱི་གནས་སོ།། སེམས་ཅན་གཞན་དག་ལ་རྣམ་པར་ཤེས་པ་མ་ཡིན་པར་ཆོས་མྱི་འཆད་དོ།། རྣམ་པར་འཕྲུལ་པོའི
190b5 རྒྱལ་པོ་འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་བ་ཡིན་ཏེ། ལྷའི་རྣ་བ་ཐོབ་པ་དེས་ཡེ་ཤེས་ཀྱི་དབྱིངས།། འདི་རྟོགས་པར་འགྱུར་རོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང
190b6 ཆུབ་སེམས་དཔའ་དེ་གང་ཟག་གི་ཚིག་བླ་དགས་དང་ལྡན་པའི་ཆོས་ཀྱང་ཉན་ཅིང་། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་རྟོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ་གལ་ཏེ་ལེག་པར་གསུངས
190b7 པའི་ཆོས་འདུལ་བ་འདི་ལ་གང་ཟག་ཡོད་པར་གྱུར་པ་ན། སེམས་ཅན་གང་ཡང་ཤིན་ཏུ་དག་པ་དང་བ་དད་པར་མྱི་འགྱུར་བའི་ཕྱིར་རོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟ་བས་ན་ཆོས་ཐམས་ཅད་གང་ཟག་མྱེད་མོད་ཀྱི
190b8 དེ་བཞིན་གཤེགས་པས་འཇིག་རྟེན་ཀཱི་ཐ་སྙད་དུ་གང་ཟག་ཅེས་གསུངས་སོ།། དེ་བས་ན་བྱང་ཆུབ་སེམས་དཔའ་ཆོས་ལ་རྟོན་པ་ཡིན་གྱི། གང་ཟག་ལ་རྟོན་པ་མ་ཡིན་ནོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་ཆོས་ཤེས
190b9 བྱ་བ་དེ་ནི།། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་སོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་ཆོས་ཀྱི་དབྱིངས་ཤེས་བ་དེ་ནི། སྐྱེ་བ་མྱེད་པའི་དབྱིངས་ཀྱི་ཚིག་བླ་དགས་སོ།། རྣམ་པར་འཕྲུལ་བའི་རྒྱལ་པོ་སྐྱེ་བ་མྱེད་པ




iiif viewer powered by OpenSeadragon

190a - 191a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo