| e-texts navigator |
| Wylie |
190a1 ཤེས་བྱའོ།། དེ་དོན་ལ་རྟོག་པ་ཡིན་གྱི། ཚིག་འབྲུ་ལ་རྟོན་པ་མ་ཡིན་ཏེ། ཚིག་འབྲུ་སྤོང་བས་དོན་ལ་རྟོན་པ་ཡང་ཡིའོ།། དེ་དོན་ལ་འབབ་པའི་བློས་ཆོས་ཉན་ཏེ།། ཇི་ལྟར་ན་དོན་ལ་འབབ་པའི་བློ་ཡིན
190a2 ཞེ་ན། གང་སྟོང་པ་ཉིད་ཀྱི་དོན་ཀྱིས་ལྟ་བར་མྱི་ལྟུང་བ་དང་། གང་མཚན་མ་མྱེད་པའི་དོན་གྱིས་མཚན་མར་མྱི་ལྟུང་བ་དང་། གང་སྨོན་པ་མྱེད་པའི་དོན་ཀྱིས་སྨོནད་པར་མྱི་ལྟུང་བ་སྟེ། དེ་ལྟར་ན་དོན་ལ་འབབ་པའི་བློ
190a3 ཡིན་ནོ།། གང་ལས་ཆོས་ཉན་པ་དང་། གང་ལས་དོན་ལ་རྟོན་པ་དེ་ཡང་དོན་ཏུ་མྱི་དམྱིགས་ཏེ། དེ་དམྱིགས་སུ་མྱེད་པ་ཡང་དམྱིགས་པར་མྱི་འགྱུར་རོ།། དེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཆོས་ཀྱང
190a4 ཉན་ཏེ། ངེས་པའི་དོན་གི་མདོའི་སྡེ་ལ་རྟོན་པ་ཡིན་གི།། དྲང་བའི་དོན་གི་མདོ་སྡེ་ལ་རྟེན་པ་མ་ཡིན་ནོ།། ངེས་པའི་དོན་གི་མདོ་སྡེ་གང་ཞེ་ན། བརྗོད་དུ་མྱེད་པའི་ཕྱིར། མདོ་སྡེ་ཐམས་ཅད་ནི་ངེས
190a5 པོའི་དོན་ཏེ། དེ་ལྟར་ན་ངེས་པའི་དོན་གི་མདོ་སྡེ་ལ་བརྟེན་པ་ཡིན་ནོ།། ངེས་པ་དོན་གི་མདོ་སྡེ་འདི་དག་ལ་གང་དག་མྱི་བརྟེ་། ན་བ་དེ་དག་ནི།། དྲང་བ་ཞེས་བྱ་བ། ཅིའི་ཕྱིར་དྲང་བ་ཞེས་བྱ
190a6 ཞེ་ན། འདི་ལྟར་ངེས་པའི་དོན་ལས་འགལ་བའི་ཆོས་ལ་གནས་པ་ཡིན་ཏེ།། དེ་དག་ནི་དྲང་དགོས་པ་ཡིན་ནོ།། གང་གིས་དྲང་ཞེ་ན། སྒྲས་དྲང་ངོ་།། ངེས་པའི་དོན་གྱི་མདོ་སྡེ་ལ་བརྟེན་པ་དག་ནི
190a7 སྒྲས་དྲང་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དོན་དམ་པ་བརྗོད་དུ་མྱེད་པ་རྟོགས་ཤིང་། དེ་དག་གིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཐམས་ཅད་ལ་ལྷག་ཅད་མྱེད་པར་ཤེས་པའི་ཕྱིར་ཏེ།
190a8 རྣམ་པར་འཕྲུལ་པའི་རྒྱལ་པོ་དོན་གི་རྣམ་པ་འདི་ལ། དེ་ལྟར་ཆོས་ཉིད་འདི་ལ་བརྟེན་ན། མདོ་སྡེ་ཐམས་ཅད་ངེས་པའི་དོན་དུ་འགྱུར་རོ།། དེ་ལྟར་མྱི་བརྟེན་ན་མདོ་སྡེ་ཐམས་ཅད་དྲང་བའི་དོན་ཏུ་འགྱུར་རོ།། རྣམ་པར་འཕྲུལ
190a9 བའི་རྒྱལ་པོ་གཞན་ཡང་། བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཉན་པ་དང་། ཡེ་ཤེས་ལ་རྟོན་པ་ཡིན་གྱི། རྣམ་པར་ཤེས་པ་ལ་མྱི་རྟོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེས་རྣམ་པར་ཤེས་པ་སྒྱུ་མ