| e-texts navigator |
| Wylie |
189b1 སྒྲ་ཐམས་ཅད་ཀྱང་ཐོས་ལ། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར།། གང་ལ་ཡང་གནས་པར་མྱི་བྱེད་དོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས།
189b2 ལ། འཚོ་ཞིང་བཞེངས་ཏེ་ཆོས་ཀྱང་སྟོནད་པ་དེ་དག་གི་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱང་དེའི་རྫབས་ཐོས་པར་འགྱུར་རོ།། དེ་ལ་སྒྲིབ་པ་འམ། ཀུན་ནས་བཀྲིས་པ་ཏེ་འདུག་པར་ཡང་མྱི་འགྱུར་ལ། ཆོས་བསྟནད་པ་དེ
189b3 ངག་ཐམས་ཅད་ཐོས་ཤིང་། ཇི་ལྟར་ཐོས་པ་ཡང་འཛིནད་ཏོ།། ཟིན་ནས་ཀྱང་ཆོས་གང་ཡང་མྱི་བརྗོད་དོ།། ཇི་ལྟར་ན་དེ་གང་ཡང་མྱི་བརྗོད་ཅེ་ན། དེ་ན་ཚིག་འགའ་ཡང་མ་རྟོགས་པར་འགག་པར་མྱི་འགྱུར་བས། དེ་ལྟར
189b4 ན་གྱི་བརྗོད་དོ།། ཆོས་གང་དག་ཟག་པ་དང་བཅས་པ་དང་ཟག་པ་མྱེད་པ་འམ། འདུས་བྱས་དང་། འདུས་མ་བྱས་སམ།། འཇིག་རྟེན་ར་བ་དང་། འཇིག་རྟེན་ལས་འདས་པ་འམ། དགེ་བ་དང་མྱི་དགེ་བ
189b5 ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མཐོ་བ་མྱེད་པ། རྣམས་སམ། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་འམ། རང་ས་ངས་རྒྱས་ཀྱི་ཐེག་པ་དང་ལྡན་པ་རྣམས་ཐོས་སམ། ཐེག་པ་ཆེན
189b6 པོ་དང་ལྡན་པ་རྣམས་ཐོས་ན། འདི་ལྟ་སྟེ་དབེན་པའི་དབྱིངས་རོ་མཚུངས་པ་ཉིད་ཀྱི་ཕྱིར། ཆོས་དེ་དག་ཐམས་ཅད་ཆོས་གཅིག་གི་ངོའི་ཉིད་ཀྱི་རོ་ཡིན་པར་འཇུག་གོ།། དེ་ཆོས་ཉན་ཅིང་འཆད་ཀྱང་ཡུལ
189b7 ཐམས་ཅད་ལ་མྱི་ཆགས་སོ།། ཆོས་ཀྱང་ཉན་མོད་ཀྱི་མཚན་མ་ཐམས་ཅད་དང་ཡང་ལྷན་གཅིག་ཏུ་མྱི་གནས་སོ།། དེ་ཆོས་ལ་རྟོན་པ་ཡིན་གི། ཆོས་མ་ཡིན་པ་ལ་མྱི་རྟོན་ཏོ།། དེ་ལ་ཆོས་གང་ཞེ་ན། ཆོས
189b8 ཤེས་བྱ་བ་ནི་འདོད་ཆགས་དང་བྲལ་བའོ།། ཆོས་ཤེས་བྱ་བ་ནི་མཚན་མ་མྱེད་པའོ།། ཆོས་ཤེས་བྱ་བ་ནི་འདུས་མ་བྱས་སོ།། ཆོས་ཤེས་བྱ་བ་ནི་མཐའ་ཡས་པ།། དཔེའ་མྱེད་པ་མྱི་འགྱུར་བ། དམྱིགས་སུ
189b9 མྱེད་པ་མྱི་སྐྱེ་བ་མ་སྐྱེས་པ་སྟེ། གང་ཆོས་དེ་ལྟ་བུ་ལ་རློམ་སེམས་མྱེད་པ་དང་། རྟོག་པ་མྱེད་པ་དང་། འདུ་ཤེས་དང་། ཡིད་ཀྱི་འདུ་བྱེད་སྤྲོས་པ་མྱེད་པ་དང་། བླང་བ་མྱེད་པ་དང་། དོར་བ་མྱེད་པ་དེ་ནི་ཆོས