| e-texts navigator |
| Wylie |
189a1 ཐ་རད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱིས་གནས་ཏེ། སེམས་ཅན་གང་ཡང་དེའི་མྱིག་ལམ་དུ་སྣང་བར་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས
189a2 དཔའ་དེས་བདག་མྱེད་པའི་དེ་ཁོ་ན་ཤེས་པའི་ཕྱིར་རོ།། དེ་འདོད་གཟུགས་ན་སྤྱོད་པའི་ལྷའི་ལུས་ཕྲ་བ། ལུས་བཟང་བ། ལུས་འོད་གསལ་བ། ལུས་མྱི་སྣང་བ་གང་དག་ཡིན་པའི་ལྷ་དེ་དག་གི་མདུན་ན་ཡང་བྱང
189a3 ཆུབ་སེཾས་དང་རང་གི་ལུས་ཉེ་བར་སྟོན་ཏོ།། ལྷའི་བུ་དེ་དག་ཀྱིས་ཀྱང་དེའི་ལུས་ཡ་དེས་ཀྱང་དེ་དག་གི་ལུས་མཐོང་ངོ་།། འདོད་ན་དེའི་ལུས་རྣམས་ཀྱིས་མཐོང་ལ། རང་གི་ལུས་མྱི་མཐོང་ངོ་།། དེ་འདོད་ན་ལྷའི་བུ་དེ་དག
189a4 རང་གི་ལུས་མཐོང་ལ། དེའི་ལུས་མྱི་མཐོང་སྟེ། དེ་ལྷའི་མྱིག་དེ་ད་ལྟ་བུ་དང་ལྡན་པར་འགྱུར་རོ།། དེ་ལྷའི་རྣ་བ་དང་ལྡན་པར་འགྱུར། ཏེ། འདི་ལ་འཇིག་རྟེན་གི་ཁམས་མཐའ་ཡས་མུ་མྱེད་པ་དག་ན།
189a5 སྒྲ་ཇི་སྙེད་པ་ཡོད་པ་ལྷའི་སྒྲ་འམ། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་སྒྲ་འམ། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱཾའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྒྲ་འམ། མྱེ་དང་མྱི་མ་ཡིན་པའི
189a6 སྨྲ་དེ་དག་ཐམས་ཅད་དེའི་ལྷའི་རྔ་བའི་དབང་པོ་དེ་ལ་གྲོག་པར་འགྱུར། རོ།། དེ་སྒྲ་དེ་དག་ཐམས་ཐོས་ཀྱང་། སྒྲ་ཐ་དད་པར་མྱི་བྱེད་ལ་སྒྲ་ཐམས་ཅད་ཀྱང་སྨྲ་མྱེད་པར་མོས་སོ།། བརྗོད་དུ་མྱེད་པར་མོས
189a7 སོ།། དེ་སྒྲ་དེ་དག་ཐོས་ཀྱང་བདག་ཏུ་འདུ་ཤེས་སམ། སེམས་ཅན་དུ་འདུ་ཤེས་སམ། སྒྲར་འདུ་ཤེས་མྱི་འཇུག་ལ། སྒྲ་ཐམས་ཅད་ཀྱང་ཐོག་མའི་མཐའ་དང་། ཐ་མའི་མཐའི་སྒྲ་བརྗོད་པ་མྱེད་པར་རབ་ཏུ་གཏོགས།
189a8 ཤིང་།། ཆོས་ཐམས་ཅད་བརྗོད་དུ་མྱེད་པར་ཡིད་ཆེས་སོ།། དེའི་རྣ་བའི་དབང་པོ་རྣམ་པར་ཤེས་པའི་ཁམས་སྒྲིབ་པ་མྱེད་པར་འགྱུར་ཏེ། སྒྲ་དེ་དག་ཐོས་ནས་ཀྱང་། སྒྲ་དེ་དག་གི་དོན་གང་ཡིན་པ་དེ་རབ་ཏུ་ཤེས
189a9 སོ།། སྒྲ་རྣམས་ཀྱི་དོན་གང་ཞེ་ན། སྨྲ་ཐམས་ཅད་ཀྱི་དོན་ནི་བརྗོད་དུ་མྱེད་པའི་དོན་ཏོ།། སྨར་མྱེད་པའི་དོན་ཏོ།། སྒྲ་ཐམས་ཅད་ཀྱི་དོར་ནི་ཉེ་བར་ཞི་བའི་དོན་ཏོ།། དོན་དེས་དོན་ལ་བརྟན་པར་འགྱུར་རོ།།