| e-texts navigator |
| Wylie |
188b1 རྣམ་པར་དག་པ་དེ་ཉིད་ཀྱིས་ཆོས་ཐམས་ཅད་མཐོང་བ་རྣམ་པར་དག་པ་ལ་འཇུག་པ་སྟེ། བདག་མཐོང་བ་རྣམ་པར་དག་པའོ།། ཆོས་མཐོང་བ་རྣམ་པར་དག་པ་ལ། འདུ་ཤེས་གཉིས་སུ་ཡང་མྱི་འགྱུར་རོ།། སངས་རྒྱས
188b2 བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་གང་དག་མཐོང་བ་དེ་དག་ཀྱང་། སངས་རྒྱས་མཐོང་བ་རྣམ་པར་དག་པ་ལས། གཞན་མ་ཡིན་པ་རབ་ཏུ་ཤེས་སོ།། དེ་ཉད་ཐོས་མརྗོ་།། སངས་རྒྱས་མསྔོས་རང་སངས་རྒྱས་མཐོང་བས་ཀྱང་། ཉན
188b3 ཐོས་མཐོང་སྟེ། ཡང་དག་པར་མཉམ་པར་མཐོང་ངོ་།། འཇིག་རྟེན་གི་ཁམས་མཐའ་ཡས་མུ་མྱེད་པའི་དག་ན། འཁོར་བའི་སེམས་ཅན་གང་དག་སེམས་ཅན་དུ་བསྡུ་བ་བསྡུས་པ། སེམས་ཅན་དམྱལ་བ་པ་འམ།
188b4 དུད་འགྲོ་འམ། ཡི་དགས་སམ། ལྷ་མ་ཡིན་ནམ། ལྷ་འམ། མྱི་ཡང་རུང་སྟེ། གཟུགས་མྱེད་པ་ན། སྤྱོད་པ་མ་གཏོགས་པས་དེ་དྲག་ཐམས་ཅད་ཀྱི་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ
188b5 དང་། ཁ་དོག་ངན་པ་དང་། བདེ་འགྲོ་དང་། ངན་འགྲོ་དང་། ངན་བ་དང་། བཟང་པོ་རྣམས་མཐོང་ཞིང་། སེམས་ཅན་དེ་དག་གི་ལ། ས་ཀི་རྣམ་པར་སྦྱིན་པ་ཐམས་ཅད་ཀྱང་རབ་ཏུ་ཤེས་ཤིང་ཁོང་དུ་ཆུད
188b6 དོ།། དེ་སེམས་ཅན་རྣམས་མཐོང་ཞིང་། ལས་ཀྱི་རྣམ་པར་སྨིན་པ་རབ་ཏུ་ཤེས་ཀྱང་། བདག་མྱེད་པའི་མཐའ་ཚད་མར་བྱས་ནས་སེམས་ཅན་རྣམས་ལ་སེམས་ཅན་གྱི་འདུ་ཤེས་སུ་མྱི་འགྱུར་རོ།།
188b7 དེ་ལྷའི་མྱིག་དེས་གཟུགས་སུ་རྟོགས་པ་ཐམས་ཅད་མཐོང་སྟེ། དངོས་པོ་མྱེད་པ་ཉིད་ཀྱི་ཕྱིར་གཟུགས་སུ་སྣང་བ་དེ་དག་ཐམས་ཅད་ཀྱང་སྣང་བ་ཙམ་དུ་ཤེས་སོ།། གཟུགས་སུ་སྣང་བ་དེ་དག་ཐམས་ཅད་ཀྱང་སྔོན་གྱི
188b8 མཐའ་སྐྱེ་བ་མྱེད་པའི་ཕྱིར་ཡང་དག་པར་མ་ཡིན་པར་རབ་ཏུ་ཤེས་ལ། ལྔའི་མྱིག་སྒྲིབ་པ་མྱེད་པ་དེ་མངོན་པར་མྱི་གྲུབ་པ་ཡང་མ་ཡིན་ནོ།། དེ་ཤེས་རབ་ཀྱི་སྟོབཔ་དང་ལྡན་པས་འདོད་ན། གཟུགས་ཉེ་འཁོར་དུ
188b9 གྱུར་ད་བ་དང་། མཚུངས་པར་མཐོང་བར་འགྱུར་རོ།། དེ་འདོད་ན་གཟུགས་ཆུང་ཟད་ཀྱང་ཡོད་ཡེ་མྱིག་སྔར་སྣང་བར་མྱི་འགྱུར་རོ།། དེ་སྲོག་ཆགས་འབུམ་ཕྲག་དུ་མའི་ནང་ན་འདུག་ན་བསམ་གཏན་དང་། རྣམ་པར