| e-texts navigator |
| Wylie |
188a1 རྣམས་ལ་བསྟོན་ཅིང་། སེམས་ཅན་ཚད་མྱེད་པ་རྣམས་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད། བདུད་ཕྱིར་རྒོལ་བ་རྣམས་ཀྱང་བཅོམ་ནས། མྱུར་དུ་བྲེད་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན
188a2 པར་རྫོགས་པར་འཚང་བརྒྱ་པར་འགྱུར་རོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་གང་ཞེ་ན། མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱ་བ
188a3 ནི། རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ལྷའི་མྱིག་དང་། ལྷའི་རྣ་བ་དང་། ཕ་རོལ་ད་གི་སེམས་ཤེས་པ་དང་། སྔོན་གི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་བྱ་བའོ།། རྣམ་པར་འཕྲུལ་བའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔལ
188a4 རྣམས་ཀྱི་ལྷའི་མྱིག་གི་རྣམ་པར་འཕྲུལ་པོའི་མངོན་པར་ཤེས་པ་ཇི་ལྟ་བུ་ཞེ་ན། མྱིག་གི་རྣམ་པར་འཕྲུལ་བའི་མངོན་པར་ཤེས་པ་གང་གིས་བྱང་ཆུབ་སེམས་དཔའ་མྱིག་གི་དབང་པོ། རྩིག་པ་རྣམས་ཀྱིས་མྱི
188a5 སྒྲིབ། ཤིང་རྣམས་ཀྱིས་མྱ་སྒྲིབ།། རི་རྣམས་ཀྱིས་མྱི་སྒྲིབ།། ནག། ས་འཚལ་རྣམས་ཀྱིས་མྱི་སྒྲིབ། ཡོར་ཡུཀ་དང་། ཡོར་ཡུག་ཆེན།། པོའི་རི་རྣམས་ཀྱིས་མྱི་སྒྲིབ། རི་རབ་ཀྱིས་མྱི་སྒྲིབ།། འཇིག་རྟེན
188a6 གི་བར་རྣམས་ཀྱིས་མྱི་བསྒྲིབ་ཏེ། དེ་བསྒྲིབ་པ་མྱེད་པའི་མྱིག་གིས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དཔག་ཏུ་མྱེད་གྲངས་མྱེད་པ་རྣམས་མཐོང་ཞིང་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་གཅིག་ཏུ་རབ་ཏུ་ཤེས་ཏེ།
188a7 འདི་ལྟ་སྟེ། ནམ་མཁའ་ལ་ཐ་དད་པ་མྱེད་པའི་ཕྱིར་རོ།། ཞིང་ལ་ཞིང་སྦྱོར་བར་ཡང་མྱི་བྱེད།། ཐ་དད་པར་ཡང་མྱི་བྱེད་དོ།། སངས་རྒྱས་ཀྱི་ཞིང་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང
188a8 བཅས་པ། གང་དག་བཞུགས་པ་དེ་དག་ཐམས་ཅད་ཀྱང་མཐོང་ཞིང་།། ཆོས་ཀྱི་དབྱིས་དབྱེར་མྱེད་པའི་ཚུལ་གྱིས། སངས་རྒྱས་ཐས་ཅད་སངས་རྒྱས་གཅིག་ཏུ་མོས་སོ།། སངས་རྒྱས་གཅིག་མཐོང་བས་ཀྱང་སངས་རྒྱས་ཐམས་ཅད་མཐོང
188a9 བ་རྣམ་པར་སྦྱོར་བར་བྱེད་དོ།། སངས་རྒྱས་ཐམས་ཅད་ཀྱང་སངས་རྒྱས་གཅིག་མཐོང་བ་རྣམ་པར་སྦྱོར་བར་བྱེད་དོ།། སངས་རྒྱས་མཐོང་བ་རྣམ་པར་དག་པ་དེས་ཀྱང་། བདག་མཐོང་བ་རྣམ་པར་དག་པ་ལ་འཇུག་གོ།།