| e-texts navigator |
| Wylie |
187b1 རུང་། ཆོས་ཀྱི་དབྱིངས་ཀྱི་མཐའ་ཚང་མྱེད་པ་དེ་ཉིད་སྤོང་བར་ཡང་མྱི་བྱེད་དོ།། ཆོས་ཀྱི་འཆོབ་ལོ་བསྐོབ་པ་དེ་གང་དག་གིས་ཤེས་པར་གྱུར་པ་དག་གས་ཤེས་པར་གྱུར་དེ་དག་ཐམས་ཅད་ཀྱང་དེ་བསྐོར་བ་ཉིད་དུ་འགྱུར་རོ།།
187b2 དེ་ནས་འདུད་རྣམ་པར་གནོད་པ་གཡོག་འཁོར་དང་བཅས་པ། དགེ་སློང་རྡོ་རྗེའི་ལྟེ་བ་དེའི་འསློབ་མར་ཁས་བླངས་རས་འདི་སྐད་ཅེས་སྨྲས་སོ།། བདག་ནི་དགེ་སློང་ཁྱོད་ལ་སྐྱབས་སུ་མཆིའོ།། དེས་དེ་ལ་འདི་སྐད་ཅེས་སྨྲམ་སོ།།
187b3 ཁྱོད་ཁོ་བོ་ལ་བསྐྱབས་སུ་མ་འགྲོ་བར་དེ་བཞིན་གཤེགས་པ་འོད་དྲི་མ་མྱེད་པའི་འོད་གཟེར་གྱི་རྒྱལ་པོ་གང་གིས་ཆོས་འདི་ལྟ་བུ་བསྟན་པ་ཁྱོད་དེ་ཉིད་ལ་སྐྱབས་སུ་སོང་ཤིག། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་དེ་བཞིན
187b4 གཤེགས་པ་དེའི་ཐད་དུ་བཞུད་ཀྱིས་ཚུར་སྤྱོད།། དེ་ནས་དགེ་སློང་རྡོ་རྗེའི་ལྟེ་བ་བདུད་རྣམ་པར་གནོད་པ་དང་། བདུད་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་འགྲོགས་ཏེ། བཅོམ་ལྡན་འདས་འོད་དྲི་མ་མྱེད་པའི་འོད་གཟེར
187b5 ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོ་ས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་སྤྱད་ངར་འཁོད་པ་དང་། དེ་བཞིན་གཤེགས་པ
187b6 དེས་དེ་དག་ལ་ཚུལ་ཁྲིམས་ལ་གནས་པ་ཉིད་དང་། ཆོས་འཕགས་བ་ལ་སྦྱོར་བ་དེ་ཉིད་ལས་བརྩམས་ཏེ། ཅི་ནས་ཀྱང་དེ་དག་འམ་ས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར
187b7 གྱི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་ཆོས་བསྟན་དུ་ཏོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་ཚེ་དེའི་དུས་ན། དགེ་སློང་རྡོ་རྗེའི་ལྟེ་བ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་ན། ཁྱོད་ཀྱིས་དེ་ལྟར་མྱི་བལྟའོ།། དེ་ཅིའི་ཕྱིར
187b8 ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན། དགེ་བསློང་རྡོ་རྗེའི་ལྟེ་བ་ཞེས་བྱ་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ས་འཛིན་ནི་དེའི་ཚེ། བདུད་རྣམ་པར་གནོན་ཞེས་བྱ་བར་གྱུར་ཏོ།། རྣམ་པར
187b9 འཕྲུལ་བའི་རྒྱལ་པོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་བ་སྟེ། རྣམ་པར་འཕྲུལ་པ་དེ་ལ་བརྟེད་ནས། སྨོན་ལམ་གྱི་བྱེ་ཟག་བསམ་གྱིས་ཀྱི་ཁྱབ་པ་རྣམས།། བྱང་ཆུབ་སེམས་དཔའ