| e-texts navigator |
| Wylie |
187a1 མཐོའི་སྟོནད་པའོ།། ཀང་སྒྲ་ཐམས་ཅད་ལ་འདུག་པ་ཉེ་བར་བསྒྲུབ་ཅིང་བརྗོད་དུ་མྱེད་པའི་ཆོས་ཉིད་ལས་ཀྱང་མྱི་གཡོ་བ་དེ་ནི་ཁོ་བོའི་སྤྱོནང་པའོ།། གང་ཆོས་ཐམས་ཅད་མྱི་བསྐྱེད་པ་དང་། སྐྱེ་བ་ཐམས་ཅད
187a2 བྱི་འབྱུང་བར་བྱ་བའི་ཕྱིར།། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་ཁོ་བོའི་སྟོནད་པའོ།། གང་ཚུ་རོལ་དང་ཕ་རོལ་དང་། དབུས་ན་མྱི་གནས་པའི་དེ་ནི་ཁོ་བོ་ལ་སྟོནང་པའོ།། གང་ཆོས་ཐམས་ཅད་མྱི་སྐྱེ་བའི་ཕྱིར་སྐྱེས་པ་དེ་ནི་ཁོ་བོ
187a3 སྟོནང་པའོ།། གང་ཆོས་ཐམས་ཅད་འགོག་པ་མྱེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་ཁོ་བོའི་སྟོནད་པའོ།། དེས་རྗེས་སུ་བསྟནད་པ་ལས། ཁོ་བོའི་སྤོབས་པ་འདི་ལྟ་བུར་གྱུར་ད་ཏོ།། བདུད་རྣམ་པར་གནོན་པས
187a4 སྨྲས་པ། དེ་བཞིན་གཤེགས་པ་དེ་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བས་སྨྲས་པ། གཟུགས་འཇུག་པར་ཡང་མྱི་བྱེད། ལྡོག་པར་ཡང་མྱི་བྱེད། གཟུགས་ཀྱི་དེ་བཞིན་ཉིད
187a5 དང་། གཟུགས་ཀྱི་ཆོས་ཉིད་དང་། གཟུགས་སྟོང་པ་ཉིད་དང་། གཟུགས་མཚན་མ་མྱེད་པ་ཉིད་དང་། གཟུགས་སྨོན་པ་མྱེད་པ་ཉི་ད་དང་། གཟུགས་ཞི་བ་ཉིད་དང་། གཟུགས་དབེན་པ་ཉིད་དང་།
187a6 གཟུགས་སྐྱེ་བ་མྱེད་པ་དང་། གཟུགས་ཀྱི་རང་བཞིན་དང་། གཟུགས་ཀྱི་ངོ་བོ་ཉིད་འཇུག་པར་མྱི་བྱེད།། ལྡོག་པར་མྱི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཇུག་པ
187a7 མྱི་བྱེད།། ལྡོག་པར་མྱི་བྱེད། རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། རྣམ་པར་ཤེས་པའི་ཆོས་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་མཚན་མ་མྱེད་པ་ཉིད་དང་། རྣམ་པར་ཤེས་པ་སྨོན་པ་མྱེད
187a8 པ་ཉིད་དང་། རྣམ་པར་ཤེས་པ་ཞི་བ་ཉིད་དང་། རྣམ་པར་ཤེས་པ་དབེན་པ་ཉིད་དང་། རྣམ་པར་ཤེས་པ་སྐྱེ་བ་མྱེད་པ་དང་། རྣམ་པར་ཤེས་པའི་རང་བཞིན་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་འཇུག་པར་མྱི་བྱེད། ལྡོག་པར
187a9 མྱེ་བྱེད་དེ།། དེ་བཞིན་གཤེགས་པ་དེ་ནི་ཆོས་ཀྱི་འཁོར་ལོ་དེ་ལྟར་བསྐོར་རོ།། ཆོས་ཐམས་ཅད་འཇུག་པ་མྱེད་པར་བྱ་བའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་རོ།། ཆོས་ཀྱི་འཁོར་ལོ་དེ་བསྐོར་ཀྱང་རུང་། མ་བསྐོར་ཀྱང