e-texts navigator
Collection
Volume
Page
Wylie

186a1 ཆོས་གང་དག་ཡིན་པ་དང་། ད་ལྟར་བྱུང་བའི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མྱེད་པ་ནི། སྐྱེ་བ་མྱེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་དང་། འབྱུང་བ་མྱེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་དང་།
186a2 འགག་པ་མྱེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། མཉམ་པ་ཉིད་འདི་རྣམས་མྱི་སྤོང་བ་གང་ཡིན་པའི་མཉམ་པ་ཉིད་དེ་བསྟན་པའི་ཕྱིར། སེམས་ཅན་རྣམས་ལ་ཆོས་འཆད་པར་འདོད་དོ།། གྲོགས་པོ་ཡང་དག་པར་འཇུག
186a3 པ་འདི་ནི། འདོད་པའི་ཁམས་སུ་འཇུག་པ་མ་ཡིན། གཟུགས་ཀྱི་ཁམས་སུ་འཇུག་པ་མ་ཡིན། གཟུགས་མྱེད་པའི་ཁམས་སུ་འཇུག་པ་མ་ཡིན་ནོ།། གང་དག་མཉམ་པ་ཉིད་ལ་གནས་པ་དག་ནི་ཆོས་ཉིད་ལས་མྱི་གཡོ།
186a4 རྣམ་པར་མྱི་གཡོ། འགྲོ་བར་མྱི་བྱེད། མྱི་འགྲོ་བར་མྱི་བྱེད་དེ།། གྲོགས་པོ་འདི་ནི་ཡང་དག་པར་འཇུག་པ་ཞེས་བྱའོ།། དེ་བཞིན་ཉིད་འདྲུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པ་ཡང་དེ་ཡིན་ནོ།།
186a5 ཆོས་ཀྱི་དབྱིངས་ཀྱི་འཇུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པ། ཡང་དེ་ཡིན་ནོ།། ཡང་དག་པའི་མཐའི་འཇུག་པ་གང་ཡིན་པ་ཆོས།། ཐམས་ཅད་ཀྱི་འཇུག་པ་དེ་ཡིན་ནོ།། འཇུག་པ་དེ་ལྟ་བུ་འདོད་པ
186a6 གང་ཡིན་པ་དེ་ནི་འདོད་པ་ཡང་མྱེད་འཇུག་པ་ཡང་མྱེད་།། འདོད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ཞིང་། མངོན་པར་ཞེན་པར་མྱི་བྱེད་དེ། གྲོགས་པོ་འདི་ནི་ཡང་དག་པར་འཇུག་པ་ཞེས་བྱའོ།། དེ་ནས་བྱང་ཆུབ་སེཾས
186a7 དཔའ་རྡོ་རྗེའི་ལྟེ་བ་ལ། བདུད་རྣམ་པར་གནོན་པས་འདི་སྐད་ཅེས་སྨྲས་སོ།། དགེ་སློང་ཁྱོད་ཡང་དག་པའི་སྦྱོར་བ་འདིས་ཆོས་གང་ཞིག་རྟོགས། སྨྲས་པ་གྲོགས་པོ་ཡང་དག་པའི་སྦྱོར་བ་འདིས་ནི།། ཁོ་བོས་རྣམ་པ་མྱེད
186a8 པའི་ཆོས་རྟོགས་སོ།། ལྷག་པའི་བྱེད་པ་མྱེད་པ་དང་། རློམ་སེམས་མྱེད་པས་ཀྱང་མཉམ་པ་ཉིད་རྫོགས་པར་བྱས་སོ།། ཡང་ཁྱོད་ཀྱིས་ཆོས་གང་རྟོགས་ཤེས་གང་དེ་སྐད་སྨྲས་པ།། ཡང་དག་པའི་སྦྱོར་བ་འདི་ནི་རྟོགས
186a9 པས་རབ་ཏུ་ཕྱེ་བ་ཡིན་གྱི་ཡང་དག་པའི་སྦྱོར་བ་འདི་ནི་ལྷག་པའི་ང་རྒྱལ་མྱེད་པའོ།། ཡང་དག་པའི་སྦྱོར་བ་འོད་ནི་ཐོབ་པས་རབ་ཏུ་ཕྱེ་བ་མ་ཡིན་གྱི། ཡང་དག་པའི་སྦྱོར་བ་འདི་ནི་ཐོབ་པས་རབ་ཏུ་ཕྱེ་བ་དང་བྲལ་བ་སྟེ།། ཡང་དག




iiif viewer powered by OpenSeadragon

185b - 186b

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo