| e-texts navigator |
| Wylie |
185b1 སྤྲུལ་པའི་མྱི་འོང་བ་དང་། འགྲོ་བ་དང་། ཚིག་སྨྲ་བར་བྱེད་པ་ལྟར་ཁོ་བོ་འོང་བ་དང་། འགྲོ་བ་དང་། ཚིག་སྨྲ་བ་ཡང་དེ་དང་འདྲའོ་སྨྲས་པ། དགེ་སློང་ཁྱོད་བརྩོན་འགྲུས་བརྩོམ་པ་འདི་དང་། ཚུལ་ཁྲིམས་ལ་གནས་པ་འདི་དང་། ཆོས
185b2 འཕགས་པ་ལ་སྦྱོར་བ་འདི་དང་། འཇུག་པ་འདིས་ཅི་ཞིག་འདོད། སྨྲས་པ་གནས་མྱེད་པ་འདོད་དོ་སྨྲས་པ། གནས་མྱེད་པ་ཇི་ལྟར་འདོད་སྨྲས་པ་དེ་འགྲོ་བ་མྱེད་པས་འགྲོ་བ་འམ། འགྲོ་བར་འགྱུར་བ་གང་ཡང་མྱེད་དོ།། གྲོགས
185b3 པོ་གནས་མྱེད་པ་ཞེས་བྱ་བ་དེ་ནི་སྨོན་པ་མྱེད་པའི་ཚིག་ཐ་དགས་སོ།། ཡང་བརྩོན་འགྲུས་བརྩོམ་པ་འདི་དང་། ཚུལ་ཁྲིམས་ལ་གནས་པ་འདི་དང་། ཆོས་འཕགས་པ་ལ་སྦྱོར་བ་འདི་དང་། འཇུག་པ་འདིས་ཅི་ཞིག་འདོད་ཅེས
185b4 རྣམ་པར་གནོནད་པ་ཁྱོད་ཀྱིས་སྨྲས་པ་དེ།། གཟུགས་སྐྱེ་བར་མྱི་འདོད། འགག་པར་མྱི་འདོད། གནས་པར་མྱི་འདོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེ་རྣཾས་དང་།། རྣམ་པར་ཤེས་པ་སྐྱེ་བར་མྱི་འདོད།།
185b5 འགག་པར་མྱི་འདོད། ཆོས་ཐམས་ཅད་ཀྱང་སྐྱེ་བར་མྱི་འདོད། འགག་པར་མྱི་འདོད། གནས་པར་མྱི་འདོད་དོ།། རྣམ་པར་གནོ།། ན་པ་འཇུག་པ་གང་གཟུགས་སོ་སོར་མྱི་འཛིནད་པ་དང་། ཚོར་བ
185b6 དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དེ། འདོད་ཅིང་དེ་ལ་བལྟའོ།། རྣམ་པར་གནོན་པ་འཕགས་པ་རྣམས་ཀྱི་འཇུག་པ་གང་ཡིན་པ་དེ་ཁོ་བོའི
185b7 འཇུག་པའོ།། སྨྲས་པ་དགེ་སློང་ཇི་ལྟར་འཇུག་སྨྲས་པ། རྣམ་པར་གནོད་པ་སོ་སོའི་སྐྱེ་བོའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་ཐམས་ཅད་མཉམ་ཞིང་གཉིས་སུ་མྱེད་པ
185b8 དང་སློབ་པའི་ཆོས་གང་དག་ཡིན་པ་དེ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མྱེད་པ་དང་། མྱི་བསློབ་པའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ།།
185b9 མཉམ་ཞིང་གཉིས་སུ་མྱེད་པ་དང་། རང་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མྱེད་པ་དང་། འདས་པའི་ཆོས་གང་དག་ཡིན་པ་དང་། མ་འོངས་པའི