| e-texts navigator |
| Wylie |
185a1 བདུད་རྣམ་པར་གནོད་པ་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་བྱིན་རླབས་འདི་ནི་རྙེད་པ་ལ་གྱུར་པ་མ་ཡིན་གྱི།། ཆོས་ཐམས་ཅད་དམྱིགས་པ་མྱེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ད་ཏོ།།
185a2 གྲོགས་པོ་བྱིན་གྱི་རླབས་འདི་ནི་རྙེད་པ་ལས་མ་གྱུར་ཀྱི་ཆོས་ཐམས་ཅད་མ་རྙེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ།། གྲོགས་པོ་བྱིན་གྱི་རླབས་འདི་ནི་ལུས་དང་ངག་དང་། སེམས་ལ་གནས་པ་ལས་གྱུར་པ་མ་ཡི
185a3 གྱི། ཆོས་ཐམས་ཅད་ལ་མྱི་གནས་པ་ལས་བྱིན་ཀྱི་རླབས་འདི་ཡོད་པར་གྱུར་ཏོ།། གྲོགས་པོ་བྱིན་གྱི་རླབས་འདི་ནི་མཚན་མར་འཛིན་པ་ལས་གྱུར་ད་པ་མ་ཡིན་གྱི།། མཚན་མ་མྱེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར
185a4 གྱུརྡ་ཏོ།། བྱིན་གྱི་རླབས་འདི་ནི་ཆོས་གང་ལ་ཡང་གནས་པ་མ་ཡི་ན་གྱི། མྱི་གནས་ཤིང་གནས་པ་མྱེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ད་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ལ།
185a5 བདུད་རྣམ་པར་གནོན་པས་འདི་སྐད་ཅེས་སྨྲས་སོ།། དགེ་སློང་། ཁྱོད་ཀྱི་སེམས་ལ་ཁོ་བོས་ལོ་སྟོང་དུ་བལྟས་ན། ཁྱོད་ཀྱི་སེམས་ཀྱི་རྒྱུ་བ་མ་མཐོང་ངོ་།། དེ་ནས་དགེ་སློང་རྡོ་རྗེའི་བལྟེ་བས་འདི
185a6 སྐད་ཅེས་སྨྲས་སོ།། གལ་ཏེ་གྲོགས་པོ་ཁྱོད་ཀྱིས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་སྤྱོད་ཅིང་། སེམས་ཡོངས་སུ་ལྟས་སུ་ཟིན་ཀྱང་རྙེད་པར་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ནི་ནང
185a7 ནས་ཀྱང་མྱི་རྙེད། ཕྱི་རོལ་ནས་ཀྱང་མྱི་རྙེད། གཉི་ག་མྱེད་པར་ཡང་མྱི་རྙེད་པའི་ཕྱིར་རོ།། གྲོགས་པོ་ཁྱོད་ཀྱིས་སྒྱུ་མ་མཁན་གྱི་སྤྲུལ་པ་ལ་སེམས་ཀྱི་རྒྱུ་བ་རྙེད་དམ།། སྨྲས་པ། དགེ་སློང་དེ་ནི་མྱི་རྙེད་དོ།། སྒྱུ
185a8 མ་མཁན་གྱིས་སྤྲུལ་པ་ལ་སེམས་ཀྱང་མྱེད། སེམས་པ་ཡང་མྱེད་ན། དེ་ག་ལ་རྙེད་སྨྲས་པ། གྲོགས་པོ་ཆོས་ཐམས་ཅད་ནི་སྒྱུ་མར་སྤྲུལ་པའི་ངོ་བོ་ཉིད་དུ།། དེ་བཞིན་གཤེགས་པས་བཤད་དེ། དེའི་ཕྱིར་དེ་ལ་སེམས
185a9 དང་སེམས་དཔའ་མྱི་རྙེད་དོ།། སྨྲས་པ་གལ་ཏེ་དགེ་སློང་ཁྱོད་སེམས་སམ། སེམས་དཔའ་མྱི་རྙེད་ན།། ཁྱོད་ཇི་ལྟར་འགྲོ་བ་འམ། འོང་བ་དང་ཚིག་དུ་སྨྲ་བར་བྱེད། སྨྲས་པ་འདི་ལྟ་སྟེ། དཔེར་ན། སྒྱུ་མ་མཁན་གྱིས