e-texts navigator
Collection
Volume
Page
Wylie

184b1 ལག་མ་ཐོགས་པ་རྣམས་ཀྱིས། དགེ་སློང་དེའི་མདུན་དུ་འཇིགས་པ་སྟོ་ང་པར་འགྱུར་རོ།། དགེ་སློང་རྡོ་རྗེ་ལྟེ་བས་བདུད་ཀྱི་འཁོར་ཆེན་པོ་རལ་གྱི་དང་། མདའ་ཞུ་དང་། མདུང་འཐུང་དང་། མདའ་བོ་ཆེ་ཐོགས་པ་རྣམས་ཀྱིས་འཇིགས།
184b2 པ་སྟོན་པར་མཐོང་ངོ་།། མཐོང་ནས་ཀྱང་ཚིག་འདི་སྐད་སྨྲས་སོ།། བདག་གི་བདེད་པའི་ཚིག་གང་གིས། བདག་ཆོས་འཕགས་པ་འད་ལ་སྦྱོར་བ་མ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཚུལ་བཞིན་དུ་སྦྱོར་བ་ཤིན་ཏུ་ཡོངས་སུ་དང
184b3 པ་ལྟ་ར། བདེན་པ་དང་། བདེན་པའི་ཚིག་དེས་བདུད་རྣམས་དང་། བདུད་ཀྱི་འཁོར་རྣམས་ཀྱི་རལ་གྱི་དང་། མདུང་ཐུང་དང་། མདའ་བོ་ཆེ་ལས་སྩོགས་པ་ཇི་སྙེད་ལག་ན་ཐོགས་པ་འདི་དག་དང་། མེ་ཏོག་ཨུད་པ་ལ་དང་། པད་མ་དང་།
184b4 ཀུ་མུ་ཏ་དང་། པད་མ་ཀར་པོ་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག། དྲང་། བ་རན་ཀོ་དང་། མཁམ་པའི་འགྲེང་བ་རྣམས་སུ་གྱུར་གཅིག། བདུད་རྣམས་དང་། བདུད་ཀྱི་རིས་ཀྱི་ལྷ་དེ་རྣམས་ཀྱི། བདག་གི་གཟུགས
184b5 དང་། ལུས་དང་། ཁ་དོག་དང་། སྤྱོད་ལམ་ཅི་འདྲ་བ་ཁོ་ནར་གྱུར། ཅིག་ཅེས་སྨྲས་ཏེ། རྣམ་པར་འཕྲུལ་བའི་རྒྱལ་པོ་བྱང་ཆུབ་སེམས་ད། པའི་རྡོ་རྗེའི་ལྟེ་བས་ཚིག་དེ་སྐད་སྨྲས་མ་ཐག་དུ་བདུད་རྣམས་དང་།
184b6 བདུད་ཀྱི་འཁོར་དེ་རྣམས་ཀྱི་རལ་གྱི་དང་། བདུང་ཟུང་དང་། མདའ་ཆེ་ལས་སྩོགས་པ་ལག་ན་ཐོགས་པ་ཇི་སྙེད་ཡོད་པ་མྱེ་ཏོག་ཁ་དོག་སཱ་ཚོགས་པའི་འཕྲེང་བ་གསུང་ཞིམ་པ། ཡིད་དུ་འོང་བ། བལྟར་སྡུག
184b7 པ་དེ་སྙེད་དུ་གནས་པར་གྱུར་ཏོ།། བདུད་དེ་རྣམས་ཀྱང་དགེ་སློང་གི་གཟུགས་དེ་ལྟ་བུ་ཉིད་དུ་གྱུར་ཏེ། དེ་དག་ཐམས་ཅད་རབ་ཏུ་བྱུང་བའི་ཁོངས་སུ་གཏོགས་ཤིང་། གོས་ངུར་སྨྲིག་བགོས་ལ། སྐྲ་དང་ཁ་སྤུ་བྲེགས་པར
184b8 སྣང་བར་གྱུར་ཏོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནས་བདུད་རྣམ་པ་གནོད་པས།། དགེ་སློང་དེའི་ཆོ་འཕྲུལ་རྒྱ་ཆེན་པོ་མཐོང་ནས་ངོ་མཚར་དུ་གྱུར་ད་ཏེ།། གཡོག་འཁོར་དང་བཅས་པར་དགེ་སློང་དེའི་རྐང་པ་ལ་གཏུག
184b9 ནས། འདི་སྐད་ཅེས་སྨྲས་སོ།། དགེ་སློང་ཁྱོད་ཀྱིས་རྨོ་གང་དག་ཐོབ་པས་ཁྱོད་ལ་འདི་ལྟ་བུའི་བྱིན་གྱིས་རླབས་ཡོད་པར་གྱུར་།། དེ་སྐད་ཅེས་སྤྲས་པ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ།། དགེ་སློང་རྡོ་རྗེའི་ལྟེ




iiif viewer powered by OpenSeadragon

184a - 185a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo