e-texts navigator
Collection
Volume
Page
Wylie

184a1 སྨོན་པ་མྱེད་པ་དང་བྲལ་བ་དེ་ནི་ཚུལ་ཁྲིམས་སོ།། གང་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ཉིད་ཀྱིས་རློམ་སེམས་སུ་མྱི་བྱེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་ཚུལ་ཁྲིམས་དེས་བདག་ལ་མྱི་སྟོང་པ་དང་། གཞན་ལ་མྱི་སྨོད
184a2 པ་དེ་ནི་ཚུལ་ཁྲིམས་སོ།། གང་སྐྱེ་མཆེད་རྣམས་ལ་མངོན་པར་དགའ་བ་མྱེད་པ་དེའིནི་ཚུལ་ཁྲིམས་སོ།། གང་ཡུལ་ལ་མྱི་འཕྲོག་དེ་ནི་ཚུལ་ཁྲིམས་སོ།། གང་ཕུང་པོ་རྣམས་ཆོས་ཀྱི་ཕུང་པོ་དང་མཉམ་པ་ཉིད་དེ་ནི་ཚུལ་ཁྲིམས་སོ།།
184a3 གང་ཁམས་རྣམས་ཀྱི་དབྱིངས་དང་མཉམ་པ་ཉིད་དེ་ནི་ཚུལ་ཁྲིམས་སོ།། གང་བརྩོད་པ་དང་། འཐབ་པ་མྱེད་པ་གཙོ་བོར་གྱུརྡ་པ་དེ་ནི་ཚུལ་ཁྲིམས་སོ།། གང་དགེ་བའི་ཆོས་རྣམས་ལ་བརྩོན་པ་མྱི་གཏོང་བ་དེ་ནི་ཚུལ་ཁྲིམས་སོ།།
184a4 གང་ཆོས་ཐམས་ཅད་ཤིན་ཏུ་ཞི་བ་དང་། རབ་ཏུ་ཞི་བར་ཤེས་ཤིང་རབ་ཏུ་ཤེས་ཏེ། ལུས་ཀྱིས་བསྒྲུབས་ནས།། གནས་པ་དེ་ནི་ཚུལ་ཁྲིམས་སོ་སྙམ་མོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་བྱང་ཆུབ་སེམས
184a5 དཔའ་རྡོ་རྗེའི་ལྟེ་བ་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་དེ་ལྟ་བུ་དང་ལྡན།། ཞིང་། ཆོས་འཕགས་ལ་སྦྱོར་བ་འདི་དང་། ཕྱིན་ཅི་མ་ལོག་པར་ཚུ།། ལ་བཞིན་ཡིད་ལ་བྱེད་པ་འདིས་གནས་ཤིང་། དགེ་སློང་དེ་ཚུལ་ཁྲིས
184a6 ལ་གནས་པ་དེ་དང་། ཆོས་འཕགས་ལ་སྦྱོར་བ་དེ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ་བརྩོམ་ཞིང་།། འཆག་ན་འཆགས་པ་ན། བདུད་ཀྱི་བུ་མོ་རྣ་མ་པར་གནོན་པ་ཞེས་བྱ་བ།། འཁོར་དང་བཅས་པ་བདུད་བརྒྱད་ཁྲི་བཞི
184a7 སྟོང་ཐམས་ཅད་ཀྱང་། དཔུང་དང་། གཡོག་འཁོར་དུ་བཅས་པ་ཐམས་ཅད་གོ་མཚོན་དང་བཅས་པ་ཤ་སྟག་སྟེ། ལྷན་ཅིག་དུ་བགྱེགས་ཀྱི་ལས་བྱེད་པར་འོང་ས་སུས་ཕྲ་མོར་བྱིན་གྱིས་རླབས་ནས། ལུས་ཀྱི་སྡང་བར་བྱས་ཏེ། དགེ
184a8 སློང་དེའི་སེམས་ཀྱི་སྤྱོད་པ་ལ་གླགས་ལྟ་ཞིང་ལོ་སྟོང་དུ་རྗེས་སུ་འབྲང་བར་གྱུར་ད་ཏོ།། དེས་ལོ་སྟོང་དུ་ཡང་དགེ་སློང་དེའི་སེམས་རྣམ་པར་གཡེང་བ་གང་གིས་སྡང་བར་འགྱུར་བ་དང་། འཚེ་བར་འགྱུར་བ་དེ་ལྟ་བུའི་སེམས་སྐྱེ
184a9 བ་གཅིག་ཀྱང་མ་མཐོང་ངོ་།། དེ་ནས་བདུད་ཀྱི་བུ་རྣམ་པར་གནོར་པ་ལོ་སྟོང་འདས་ནས།། གཡོག་འཁོར་དང་བཅས་པ། ལུས་ཆེན་པོ་མངོན་པར་བསྟནད་ནས། རལ་གྱི་དང་། མདའ་ཞུ་དང་། མདུང་ཟུང་དང་། མདའ་བོ་ཆེ




iiif viewer powered by OpenSeadragon

183b - 184b

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo