| e-texts navigator |
| Wylie |
183b1 ཡོངས་སུ་དག་པ་ཞིག་བྱུང་སྟེ། རྣམ་པར་འཕྲུལ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟེ་བ་དེ་དགོན་པའི་གནས་ན། འཆག་པ་ན་འདི་ལྟ་སྟེ།། ཆོས་འདུལ་བ་ལ་འཕགས་པ་ལ་འགྲུས་ཤིང་བརྩོན་པར་གྱུར་ད་ཏེ།
183b2 སངས་རྒྱས་ཀྱི་ཆོས་ལ་གནས་པ་ན། ཚུལ་བཞིན་དུ་སྦྱོར་བ་འདི་ལྟ་བུ་བྱུང་སྟེ། གང་ཆོས་ཐམས་ཅད་ལ་མྱི་དམྱིགས་པ་དེ་ཚུལ་ཁྲིམས་སོ།། གང་དངོས་པོ་ཐམས་ཅད་ལ་མངོན་པར་ཞེན་པ་དེ་ནི་ཚུལ་ཁྲིམས་སོ།། གང
183b3 ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་དེ་ནི་ཚུལ་ཁྲིམས་སོ།། གང་ལུས་གཟུགས་བརྙན་དང་འདྲ་བར་ཤེས་པ་དེ་ནི་ཚུལ་ཁྲིམས་སོ།། གང་དག་བྲག་ཆ་ལྟ་བུར་ཤེས་པ་དེ་ནི་ཚུལ་ཁྲིམས་སོ།། གང་སེམས་ལ་སྒྱུ་མའི་ཆོས
183b4 ལྟ་བུ་སོ་སོར་རྟོག་པ་ནི་ཚུལ་ཁྲིམས་སོ།། གང་དགེ་བ་དང་མྱི་དགེ་བའི་ཆོས་རྣམས་ལ་གཉིས་སུ་མྱི་འབྱེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་འདོད་ཆགས་ལ་མྱི་སྡུག་པར་སོ་སོར་རྟོག་པ་དེ་ནི་ཚུལ་ཁྲིམས་སོ།།
183b5 གང་ཞེ་སྡང་ལ་བྱམས་པ་བསྒོམ་པ་དེ་ནི་ཚུལ་ཁྲིམས་སོ།། གང་ཤེས་རབ་ཀྱིས་གཏི་མུག་གི་དྲ་བ་རྣམ་པར་འཇོམས་པ་དེ་ནི་ཚུལ་ཁྲིམ། ས་སོ།། གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དངོས
183b6 པོ་རྣམས། མྱི་དམྱིགས་པ་དེ་ནི་ཚུལ་ཁྲིམས་སོ།། གང་ཆོས་ཐམས་ཅད་ལ་མྱི་རྟོག་པ་དང་། རྣམ་པར་མྱི་རྟོག་པ་དང་། མྱི་སེམས་པ་དང་། མྱི་ལྟ་བ་དེ་ནི་ཚུལ་ཁྲིམས་སོ།། གང་བདག་ཏུ་ལྟ་བ་མྱེད་པ་དང་། སེམས་ཅན
183b7 དུ་ལྟ་བ་མྱེད་པ་དང་། སྲོག་དུ་ལྟ་བ་མྱེད་པ་དང་། གང་ཟག་དུ་ལྟ་བ་མྱེད་པ་དང་། ཆད་པར་ལྟ་བ་མྱེད་པ་དང་། རྟག་པར་ལྟ་བ་མྱེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་ཆོས་ཐམས་ཅད་ལ་མངོན་པར་འདུ་མྱི་བྱེད་པ་དེ་ནི་ཚུལ་ཁྲིམས
183b8 སོ།། གང་སེམས་སྐྲག་པ་མྱེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་ཁམས་གསུམ་ལ་མྱི་གནས་པ་དེ་ནི་ཚུལ་ཁྲིམས་སོ།། གང་ཆོས་མྱི་སྐྱེ་བ་ཡི་ཡིད་ཆེས་པ་དེ་ནི་ཚུལ་ཁྲིམས་སོ།། གང་མྱི་སྐྱེ་བའི་ཆོས་ལ་བཟོད་པ
183b9 ལ་མོས་པ་དེ་ནི་ཚུལ་ཁྲིམས་སོ།། གང་རྙེད་པ་དང་བཀུར་སྟི་དོན་ཏུ་མྱི་གཉེར་བ་དེ་ནི་ཚུལ་ཁྲིམས་སོ།། གང་སྟོང་པ་ཉིད་ཀྱིས་མྱི་སྐྲག་པ་དེ་ནི་ཚུལ་ཁྲིམས་སོ།། གང་མཚན་པ་མྱེད་པ་བསྒོམ་པ་དེ་ནི་ཚུལ་ཁྲིམས་སོ།། གང