| e-texts navigator |
| Wylie |
183a1 སྲེག་པའི་སྐལ་བ་ཆེན་པོའི་མྱེས་རབ་ཏུ་གང་ཞིག་འདུག་པ་ལ། གལ་ཏེ་བྱང་ཆུབ་སེམས་དཔས་མྱེ་འདི་རབ་ཏུ་ཞི་བར་གྱུརྡ་ཅིག་ཅེས་སྨོན་ལམ་དེ་སྐད་གཏབ་ན། མྱེ་དེ་རབ་ཏུ་ཞི་ཞིང་མྱེད་པར་འགྱུར་རོ།། དེ
183a2 འདོད་ན་སྟོང་གསུམ་པོ་འདི་མྱེས་ཡོངས་སུ་གང་བར་བྱིན་གྱིས་རློབ་པོ།། དེ་འདོད་ན་མྱེ་ཏོག་གིས་ཀུན་ཏུ་བཀྲམ་པར་བྱིན་གྱིས་རློབ་པོ།། དེ་འདོད་ན་ཐམས་ཅད་རིན་པོ་ཆེའི་རང་བཞིན་དུ་བྱིན་གྱིས་རློབ་པོ།། དེ་འདོད་ན
183a3 འཇིག་རྟེན་གི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་གི་རིའི་རྒྱལ་པོ་ར་རེབ་དེ་དག་ཐམས་ཅད་རི་གཅིག་དུ་བྱིན་གྱིས་རློབ་པོ།། རྣམ་པར་འཕྲུལ་བའི་རྒྱལ་པོ་དེ་ལྟར་ཚུལ་ཁྲིམས་ཕུན་གསུམ་ཚོགས་པའི་བྱང་ཆུབ་སེམས་དཔལ
183a4 འདོད་ན། འཇིག་རྟེན་གི་ཁམས་གང་འགའི་ཀླུང་གི་བྱེ་མ་སྙེད་དག་གི་རྒྱ་མཚོ་ཆེན་པོ་ཐམས་ཅད་རྒྱ་མཚོ་ཆེན་པོ་གཅིག་ཏུ་བྱིན་གྱིས་རློབ་པོ།། དེ་ཚུལ་ཁྲིམས་ལ་གནས་པ་དེ་དང་ལྡན་ན། གང་སྨོན་པ་དེ་འགྲུབ་ཅིང་གང
183a5 བྱིན་གྱིས་བརླབས་པ་དེ་དེ་བཞིན་དུ་འགྱུར་རོ།། རྣམ་པར་འཕྲུལ་བའི་རྒྱལ་པོ་ཚུལ་ཁྲིམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ། ནི། རྣམ་པར་འཕྲུལ་པ་བཞི་པོ་འདི་དག་དང་ལྡན་པར་འགྱུར་རོ།།
183a6 ཚུལ་ཁྲིམས་དང་ལྡན་པ་དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱིས་སྨོན་པ་དེ་ཡང་འགྲུབ་པར་འགྱུར་རོ།། རྣ་མ་པར་འཕྲུལ་པའི་རྒྱལ་པོ་སྔོན་འབྱུང་བ། འདས་པའི་དུས་བསྐལ
183a7 པ་གྲངས་མྱེད་པ། ཤིན་ཏུ་གྲངས་མྱེད་པ། རྒྱ་ཆེ་བ་ཚད་མྱེད་པ། བསམ་གྱིས་མྱི་ཁྱབ་པ་ན། དེ་བཞིན་གཤེགས་པ་འོད་དྲི་མ་མྱེད་པའི་འོད་གཟེར་གི་རྒྱལ་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ
183a8 འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མྱེད་པ། ལྷ་དང་། མྱི་རྣམས་ཀྱིས་སྟོནད་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བར་འགྱུར་ད་ཏེ། རྣམ་པར་འཕྲུལ་བའི་རྒྱལ
183a9 པོ་དེ་བཞིན་གཤེགས་པ་འོད་དྲི་མ་མྱེད་པའི་འོད་གཟེར་གི་རྒྱལ་པོ་དེའི་གསུང་རབ་ལ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ཞེས་བྱ་བ་ཚུལ་ཁྲིམས་ལ་གནས་པའི་སྟོབས་དང་ལྡན་པ། ཚུལ་ཁྲིམས་ཤིན་ཏུ