e-texts navigator
Collection
Volume
Page
Wylie

182b1 སུ་སྦྱིན་པར་བྱེད་པའི་ཚུལ་ཁྲིམས་དང་། དམ་པའི་ཆོས་ཡོངས་སུ་བསྲུང་བའི་ཚུལ་ཁྲིམས་དང་། ཕ་རོལ་བདེ་བ་དང་། མཆོག་ཏུ་དགའ་བ་དང་། མགུ་བའི་ཚུལ་ཁྲིམས་དང་། སྲིད་པའི་འགྲོ་བ་ཐམས་ཅད་དུ་སྐྱེ་བ་ལ་མྱི་གནས་པའི་ཚུལ
182b2 ཁྲིམས་དང་། ཞི་གནས་ལ་གནས་པའི་ཚུལ་ཁྲིམས་དང་། ལྷག་མཐོང་གི་རྗེས་སུ་འགྲོ་བའི་ཚུལ་ཁྲིམས་དང་། ཆོས་ཟབ་མོ་ལ་མོས་པའི་ཚུལ་ཁྲིམས་དང་། མངོན་པར་ཤེས་པ་ཉམས་པ་མྱེད་པའི་ཚུལ་ཁྲིམས་དང་། སྟོང་པ་ཉིད
182b3 དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པ་བསྒོམ་པའི་ཚུལ་ཁྲིམས་དང་། ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བའི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་ཆོས་སྡུད་ཅིང་ཡང་དག་པར་བསྟོན་པའི་ཚུལ་ཁྲིམས་དང་། སེམས
182b4 ཅན་ཐམས་ཅད་ཡོངས་སུ་མྱི་གཏོང་བའི་ཚུལ་ཁྲིམས་དང་། བྱམས་པས་རྗེས་སུ་བསྲུངས་པའི་ཚུལ་ཁྲིམས་དང་། སྙིང་རྗེ་ཆེན་པོ་རྩ་བར་གྱུར་ད་པའི་ཚུལ་ཁྲིམས་དང་། དག་ཅིང་དང་བའི་ཚུལ་ཁྲིམས་དང་། སྤྱོད་ལམ་མ
182b5 བརྟགས་པའི་ཚུལ་ཁྲིམས་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་གནས་པའི་ཚུལ་ཁྲིམས་དང་། བསོད་ནམས་ཀྱི་སྤྱི། ན་གནས་སུ་གྱུར་ད་པའི་ཚུལ་ཁྲིམས་དང་། ཤི་ནད་ཏུ་རྣམ་པར་དག
182b6 པའི་ཚུལ་ཁྲིམས་དང་། དེ་བཞིན་གཤེགས་པའི་རིགས་རྒྱུན་མྱི་འམ་དཔའི་ཚུལ་ཁྲིམས་དང་། ཆོས་ཀྱི་རིགས་ཡོངས་སུ་བསྲུང་བའི་ཚུལ་ཁྲིམས་དང་། འཕགས་པའི་དགེ་འདུན་འགུག་པའི་ཚུལ་ཁྲིམས
182b7 དང་། བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གནས་པའི་ཚུལ་ཁྲིམས་དང་། ཕ་རོལ་ཏུ་ཕྱིདང་པ་དྲུག་གྱིས་ཉེ་བར་བརྟན་པའི་ཚུལ་ཁྲིམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གི་རྐང་པ་དང་། དབང
182b8 པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་བསྒོམ་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་ཕྱོགས་དང་། མཐུན་པའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཚུལ་ཁྲིམས་སྟེ། རྣམ་པར་འཕྲུལ་བའི་རྒྱལ་པོ།།
182b9 དེ་ལྟར་ཚུལ་ཁྲིམས་ཕུན་གསུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གང་སྤོ་དང་བ་དེ་འགྲུབ་པར་འགྱུར་རོ།། ཅི་ཞིག་སྨོན་མེན། དེ་ལྟར་ཚུལ་ཁྲིམས་ཕུན་གསུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གི་སྟོང་ཆེན་པོ།




iiif viewer powered by OpenSeadragon

182a - 183a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo